61232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟ་བའི་ཉེས་བྱས་ཀྱི་སྡེ་ཚན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཟས་བླངས་ནས་ཟ་བའི་ཚེ་ལེགས་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་ཆེ་བ་མ་ཡིན་པ་དང་། ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་བཟས་པར་ཁ་མི་གདངས་པ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བའི་ཚུལ་དུ་བཟའ་བར་བྱའོ། །གཞན་ཡང་ཙུག་ཙུག་མི་བྱའོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། །ལྕེ་ཕྱུང་སྟེ་ཟས་མི་ཟའོ། །གཞན་ཡང་འབྲུ་རེ་རེ་ནས་བླངས་ཏེ་མི་ཟའོ། །ཟས་ལ་འཕྱས་མི་གདགས་སོ། །མཁུར་བ་མི་སྤོའོ། །རྐན་མི་ཏོག་གོ ། ཁམ་འཕྲོར་མི་གཅད་དོ། །གཞན་ཡང་ལག་པ་མི་ལྡག་གོ ། ལྷུང་བཟེད་སོགས་མཛུབ་མོ་དང་ལྕེས་མི་བྱོག་གོ ། ཟས་ཀྱིས་སྦགས་པའི་ལག་པ་མི་སྤྲུག་གོ ། ལྷུང་བཟེད་མི་སྐྱོམ་མོ། །ཟས་ལ་མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། ཟས་ལ་ལེགས་པར་བྱ་བ་དྲུག ། ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་གསུངས་པ་ལྟར་ཉེར་གཅིག་ཡོད་པ་ལས། དང་པོ་དྲུག་ནི། འདུལ་བ་དང་མཐུན་པར་ཟས་ཟ་བར་བསླབ་པ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ། ཧ་ཅང་ཆེ་བ་མ་ཡིན་པ། ཁམ་རན་པ། ཁའི་སྒོར་ཟས་མ་འོང་པར་ཁ་མི་གདེང། ཁ་ཁམ་གྱིས་བསྐངས་ཏེ་གཏམ་མི་སྨྲའོ། །གཉིས་པ་ལྔ་ནི། ཟས་ཟ་བའི་ཚེ་ཁའི་རྣམ་པ་སྒྱུར་བའི་སྒྲ་ཙུག་ཙུག་མི་བྱ། ཅག་ཅག་མི་བྱ། ཧུ་ཧུ་མི་བྱ། ཕུ་ཕུ་མི་བྱ། ལྕེ་ཕྱི་རོལ་ཏུ་ཕྱུང་སྟེ་ཟས་མི་ཟའོ། །གསུམ་པ་ལྔ་ནི། སྲོག་ཆགས་ཡོད་མེད་བརྟག་པའི་ཕྱིར་མ་ཡིན་པར་འབྲས་ཆན་ལ་སོགས་པའི་འབྲུ་རེ་རེ་ནས་ཐ་དད་དུ་མི་ཟ། སྦྱིན་བདག་གི་ཟས་ལ་འཕྱ་སྨོད་མི་བྱ། ཁུར་བ་མི་སྤོ། ཁམ་འཕྲོར་སོས་བཅད་ཅིང་མི་ཟའོ། །བཞི་པ་ལྔ་ནི། ལག་པ་ལ་ཟས་ཆགས་པ་མི་ལྡག ལྷུང་བཟེད་དང་ཕོར་པ་སོགས་ཀྱི་སྣོད་ལ་ཟས་ཆགས་པ་ལྕེ་དང་སོར་མོས་མི་ཡོག ལག་པ་ལ་ཟས་ཆགས་པ་མི་དཀྲུག། ཟས་དང་བཅས་པའི་ལྷུང་བཟེད་མི་སྐྱོམས། ཟས་ལ་མཆོད་རྟེན་གྱི་དབྱིབས་འདྲ་བར་བྱས་ནས་གཞོམ་ཞིང་མི་ཟའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཟ་བའི་ཉེས་བྱས་ཀྱི་སྡེ་ཚན་

|; |@@@ | | }}