61270
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བ་སྤུ་བྱི་ཞིང་གཡའ་ཟ་བྱེད་པ་དང༌། ཤ་མདོག་སྔོན་པོར་འགྱུར་ཞིང་གཞན་ལ་འགོ་བར་འགྱུར་བའི་པགས་ནད་ཅིག ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་པགས་ནད་རིགས་ཤིག སྟག་ཚང་ལོ་ཙྭ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། ལུས་ཀྱི་ཆུ་སེར་ཚད་འཕེལ་བས། པགས་པ་ལ་རྒྱས་བསྲུལ་བ་ཡིས། ཤ་པགས་ཟ་ནས་རྐོང་བུ་ལྟར། གྱུར་པས་པགས་ནད་ཟ་རྐོང་བཤད། ཅེས་གསུངས་པ་ལྟར་དང། གཞན་ཡང། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ཟ་རྐོང་ནི། སྤུ་འབྱི། མདོག་སྔོ། འགོས་མཆེད་རྐྱེན། འདི་ལ་རྔོ་དང་ཟ་འཕྲུག་གི་རིགས་ཀྱང་འབྱུང། འདུལ་བ་ནས་བཤད་པའི་ཁྱི་རྔོ་དང་གཡན་པ་སོགས་ཕལ་ཆེར་ཟ་རྐོང་གི་རིགས་ཡིན་པར་སེམས་སོ། །ཞེས་གསུངས་ཡོད། |
Domain | གསོ་རིག |
{{#arraymap:ཟ་རྐོང་
|; |@@@ | | }}