61288
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མདོ་ལས། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པའོ་ཞེས་ཟག་པ་གསུམ་དུ་གསུངས་པ་ལས། འདོད་ཁམས་ན་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་ལྟ་བ་བཅུ་གཉིས་ཐེ་ཚོམ་བཞི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་པོ་ལྔ་ལྔ་སྟེ་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་བཞི་བཅུ་རྩ་གཅིག་ནི་འདོད་པའི་ཟག་པ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་མ་རིག་པ་བཅུ་མ་གཏོགས་པའི་ཕྲ་རྒྱས་ཉི་ཤུ་རྩ་དྲུག་དྲུག་པོ་རྣམས་ཁོ་ན་གཅིག་ཏུ་བསྡོམས་པ་ལྔ་བཅུ་རྩ་གཉིས་ནི་སྲིད་པའི་ཟག་པ་ཡིན་ནོ། །ཁམས་གོང་མ་གཉིས་ཀྱི་ཕྲ་རྒྱས་རྣམས་གཅིག་ཏུ་བསྡོམས་ནས་སྲིད་པའི་ཟག་པ་གཅིག་ཏུ་འཇོག་པ་ནི་ཉོན་མོངས་པ་དེ་དག་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་པ་དང་། མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་གཅིག་ཏུ་བྱས་སོ། །ཁམས་གསུམ་ཆར་གྱི་མ་རིག་པ་བཅོ་ལྔ་པོ་ཐམས་ཅད་གཅིག་ཏུ་བྱས་པ་ནི་མ་རིག་པའི་ཟག་པའོ། །དེ་གཅིག་པུ་ལོགས་སུ་སྟོན་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་ན་ཉེས་པ་ཆེ་བས་ལོགས་ཤིག་ཏུ་མ་རིག་པའི་ཟག་པར་བསྟན་ཏེ། མདོ་ལས། ཀུན་ཏུ་ཆགས་པར་བྱེད་པའི་རྒྱུ་ནི་མ་རིག་པའོ་ཞེས་པ་དང་། འཇིག་རྟེན་འདི་དང་ཕ་རོལ་ན། །འདོད་དང་ཆགས་པས་བསླང་བ་ཡི། །ངན་འགྲོ་གང་དག་ཅི་ཡོད་པ། །ཐམས་ཅད་མ་རིག་རྩ་བ་ཅན། །ཞེས་གསུངས་སོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཟག་པ་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཟག་པ་གསུམ་ནི། ལུས་ཀྱི་ཟག་པ་དང་། ཁམས་ཀྱི་ཟག་པ་དང་། སྐྱེ་གནས་ཀྱི་ཟག་པ་གསུམ་དུ་གྲགས་ཏེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། དེ་ལ་ཟག་པ་ནི་ཆོས་མངོན་པ་ལས། ཟག་པའི་སྒོ་དྲུག་ཏུ་བཤད་ཀྱང་། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། ལུས། ཁམས། སྐྱེ་གནས་ཀྱི་ཟག་པ་གསུམ་དུ་བཞེད་དོ། །ཞེས་གསུངས། |
{{#arraymap:ཟག་པ་གསུམ་
|; |@@@ | | }}