61307
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་བསམ་གཏན་བཞི་པའི་དངོས་གཞི་ཤིན་ཏུ་དག་པ་བ་ལ་བརྟེན་ནས་ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་མཐར་ཐུག་པའོ། །ས་མཚམས། ཉན་ཐོས་ལ་ཉོན་མོངས་པའི་ཟག་པ་ཟད་པའི་མངོན་ཤེས་ཡོད་ལ། སྒྲིབ་གཉིས་ཀྱི་ཟག་པ་ཟད་པའི་མངོན་ཤེས་མེད་དོ། །རྗེས་མཐུན་པ་ས་དང་པོ་ནས་ཡོད། མཚན་ཉིད་པ་སངས་རྒྱས་ས་ཁོ་ན་ན་ཡོད་དེ། འདིར་ཟག་པ་སྒྲིབ་གཉིས་ཡིན་ལ་དེ་ཟད་པ་སངས་རྒྱས་ལས་གཞན་ལ་མེད་པའི་ཕྱིར་རོ། །བྱེད་ལས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་དོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཐབས་དང། དེ་དག་སྤངས་པའི་རྣམ་གྲོལ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་མི་སྐྱེ་བ་སྔོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་ཏེ་ཞེས་སོ། །རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཟག་པ་ཟད་པའི་མངོན་ཤེས་ཀྱི་རྟེན་ནི། ཀུན་བཏུས་ལྟར་ན། བསམ་གཏན་བཞི་པའི་དངོས་གཞི་དང། མཛོད་ལྟར་ན་འདོད་པ་ནས་སྲིད་རྩེའི་བར་གྱི་ས་བཅུ་གཅིག་ལ་བརྟེན་ནོ། །བདག་རྐྱེན་བསམ་གཏན་བཞི་པ་ལ་བརྟེན་ནས་ཟག་པ་ཟད་པ་མངོན་སུམ་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའམ་ཟག་པ་ཟད་པའི་ཐབས་ཤེས་པ་འཇོག་ན་བདག་རྐྱེན་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་ཟག་པ་ཟད་པའི་ངོ་བོའམ་ཟག་པ་ཟད་པའི་ཐབས་གང་རུང་མངོན་སུམ་དུ་ཤེས་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ས་མཚམས་ནི། ཟག་པ་ཟད་པའི་ཐབས་ཤེས་པ་ལ་འཇོག་ན་འཕགས་པ་ཐམས་ཅད་ལ་ཡོད་དེ། མཛོད་ལས། སློབ་ལ་འདོད་དེ་མ་རིག་དང། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །ཅེས་སོ། །ཟག་པ་ཟད་པའི་ངོ་བོ་ཤེས་པ་ལ་འཇོག་ན། ཐེག་དམན་དགྲ་བཅོམ་པ་དང་ཐེག་ཆེན་གྱི་ས་དང་པོ་ནས་ཡོད་དེ། དེ་ནས་ཉོན་སྒྲིབ་སྤངས་པའི་ཕྱིར། ཞེས་ཀུན་མཁྱེན་གོ་རམས་པའི་རྣམ་བཤད་ཡུམ་དོན་རབ་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཟག་པ་ཟད་པའི་མངོན་ཤེས་
|; |@@@ | | }}