61309
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཏིང་ངེ་འཛིན་སྒོམ་པ་བཞིའི་ནང་གསེས་ཤིག་སྟེ། ས་དགུ་གང་རུང་ལ་བརྟེན་པའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་བཞིན་དུ་རབ་མཐའི་བསམ་གཏན་བཞི་པའི་དངོས་གཞི་དེ་ལམ་སྐྱེ་སླ་བས་ཕལ་ཆེར་གྱིས་དེ་ལ་བརྟེན་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་བྱེད་པས་ཕལ་ཆེ་བའམ་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་ཁོ་ན་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་དུ་གསུངས་པ་ལས། སྤྱིར་ས་གཞན་ལ་བརྟེན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམས་ཀྱང་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་
|; |@@@ | | }}