61310

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition འདོད་པའི་ཟག་པ་ནི། སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པ་དང་། ཕྱི་རོལ་ཏུ་བལྟས་ཏེ་ཟག་པའི་ཕྱིར་འདོད་པའི་ཟག་པའོ། །སྲིད་པའི་ཟག་པ་ནི། ནང་དུ་བལྟས་ཏེ་ཟག་པའི་ཕྱིར་སྲིད་པའི་ཟག་པའོ། །མ་རིག་པའི་ཟག་པ་ནི། ཟག་པ་དེ་གཉི་གའི་གནས་ཡིན་པའི་ཕྱིར་མ་རིག་པའི་ཟག་པའོ། །
Domain ཆོས་ལུགས།

{{#arraymap:ཟག་པ་རྣམ་པ་གསུམ་

|; |@@@ | | }}

ཟག་པ་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལས་མ་རིག་པ་མ་གཏོགས་པ་ནི་འདོད་པའི་ཟབ་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལས་མ་རིག་པ་མ་གཏོགས་པ་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་གྱི་མ་རིག་པ་ནི་མ་རིག་པའི་ཟག་པའོ། །

{{#arraymap:ཟག་པ་རྣམ་པ་གསུམ་

|; |@@@ | | }}

ཟག་པ་རྣམ་པ་གསུམ་ (3)
Part of speech མིང་ཚིག
Definition འདོད་པའི་ཟག་པ་ནི། བདེན་པ་བཞི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་། བག་ལ་ཉལ་བ་རྣམས་ནི་འདོད་པའི་ཟག་པའོ། སྲིད་པའི་ཟག་པ་ནི། གཟུགས་དང་གཟུགས་མེད་པའི་ཁམས་ན་ཁྲོ་བ་བཏོན་པའི་ཉོན་མོངས་པ་ལྷག་མ། མ་རིག་པའི་ཟག་པ་ནི། ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ།

{{#arraymap:ཟག་པ་རྣམ་པ་གསུམ་

|; |@@@ | | }}