61321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་བཅས་ (1)
Part of speech མིང་ཚིག
Definition མདོ། ལས་ཉོན་གྱི་དབང་གིས་བྱུང་ཞིང་བདག་ལྟའི་གཉེན་པོ་མི་བྱེད་པའི་རིགས་སུ་གནས་པ། ཟག་བཅས་ཀྱི་མཚན་ཉིད།
Example ཉེར་ལེན་གྱི་ཕུང་པོ་ལྔ་པོ་ལྟ་བུ།
Domain ཆོས་ལུགས།

{{#arraymap:ཟག་བཅས་

|; |@@@ | | }}

ཟག་བཅས་ (2)
Part of speech མིང་ཚིག
Definition ཟག་བཅས་ཟག་མེད་ཀྱི་ཁྱད་པར་ནི། ཟག་པ་སྒོ་དྲུག་གང་རུང་གི་སྒོ་ནས་ཟག་བཅས་སུ་བཞག་པའི་ཆོས་སུ་དམིགས་པ། ཟག་བཅས་ཀྱི་མཚན་ཉིད། ཟག་པའི་སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པ་དང་འབྲེལ་བ། ཟག་པས་བཅིངས་པ། ཟག་པ་དང་རྗེས་སུ་འབྲེལ་བ། དེ་དང་རྗེས་སུ་མཐུན་པ། དེའི་རྒྱུ་ལས་བྱུང་བ་རྣམས་སོ། །འདུས་བྱས་བཞིན་དུ་ཟག་བཅས་ཀྱི་ཕུང་པོ་ལ་ཡང་མིང་གི་རྣམ་གྲངས་དུ་མ་ཡོད་དེ། ཉེར་ལེན་དང་། འཐབ་བཅས་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འཇིག་རྟེན་དང་། ལྟ་གནས་དང་། སྲིད་པ་ཞེས་པ་རྣམས་སུ་ཡོད་པའི་ཕྱིར། དེ་ལ་ཉེར་ལེན་ཞེས་པའི་རྒྱུ་མཚན་ཡོད་དེ། རང་རྒྱུ་ཉེར་ལེན་ལས་བྱུང་། རང་འབྲས་ཉེར་སྐྱེད། གྲོགས་ཉེར་ལེན་ལ་རག་ལས་པས་དེ་ལྟར་བརྗོད་པའི་ཕྱིར། དཔེར་ན་རྩྭ་ལས་བྱུང་པའི་མེ་ལ་རྩྭ་ཡི་མེ་ཞེས་པ་དང་། སྨན་སྐྱེས་པའི་ཤིང་ལ་སྨན་ཤིང་དང་། རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་བརྗོད་པ་བཞིན་ཡིན་པའི་ཕྱིར། ཕྱི་མ་རྣམས་གྲུབ་སྟེ། རིམ་པ་བཞིན་དུ་རང་གཞན་ལ་གནོད་པ་དང་། འཕྱ་བ་དང་མི་མཐུན་པ་དང་། སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་པ་དང་། གཉེན་པོས་འཇིག་པ་དང་། ལྟ་ངན་སྐྱེད་པའི་གནས་ཡིན་པ་དང་། ཡང་སྲིད་དུ་འཁོར་བ་ཡིན་པས་དེ་དང་དེའི་མིང་གིས་བརྗོད་པའི་ཕྱིར།

{{#arraymap:ཟག་བཅས་

|; |@@@ | | }}

ཟག་བཅས་ (3)
Part of speech མིང་ཚིག
Definition ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས། ཞེས་གསུངས། ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་རྣམས་ཆོས་ཅན། ཟག་བཅས་ཡིན་ཏེ། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྣམས་ཀུན་ཏུ་རྒྱས་སུ་རུང་པའི་ཆོས་ཡིན་པའི་ཕྱིར་ཏེ། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེས་ན་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྣམ་པ་ཀུན་ཏུ་རྒྱས་སུ་རུང་བའི་ཆོས་སུ་དམིགས་པ། ཟག་བཅས་ཀྱི་མཚན་ཉིད། ཟག་བཅས་ཟག་མེད་གང་རུང་ཡང་ཡིན། དེ་གང་རུང་གི་སྒོ་ནས་ཟག་པ་རྣམ་པ་ཀུན་ཏུ་རྒྱས་སུ་མི་རུང་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཟག་མེད་ཀྱི་མཚན་ཉིད། ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་སུ་འདུ་ཡང་། གཞི་གྲུབ་ན། དེ་གང་རུང་ཡིན་པས་མ་ཁྱབ་སྟེ། ལྷག་མེད་མྱང་འདས་ཀྱི་ཐོབ་པ་དང་འདུས་བྱས་དང་མི་རྟག་པ་རྣམས་དེ་གང་རུང་མ་ཡིན་པའི་ཕྱིར།

{{#arraymap:ཟག་བཅས་

|; |@@@ | | }}

ཟག་བཅས་ (4)
Part of speech མིང་ཚིག
Definition དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་དེ་ཟག་བཅས་ཀྱི་མཚན་ཉིད་ཡིན་ནོ། །རྒྱས་པའི་དོན་ཡང་། ཕན་ཚུན་འཕྲོད་ཅིང་མཐུན་པར་གྱུར་པའི་སྒོ་ནས་ཟག་པ་སྐྱེ་བའི་གནས་ཐོབ་པ་ལ་བཞེད་དོ། །དབྱེ་བ་ལ། དམིགས་པའི་སྒོ་ནས་དང་། མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་གཉིས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། ཟག་པ་ནི་རྩ་བ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཡིན་ལ་དེ་དག་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བ་ནི་ཟག་བཅས་ཏེ། རྒྱས་པའི་དོན་ཡང་དམིགས་པ་དང་མཚུངས་ལྡན་གྱི་སྟོབས་ཀྱིས་སྐད་ཅིག་རྒྱུན་ཆགས་སུ་སྐྱེད་ནུས་ཤིང་གནས་ཐོབ་པའོ། །འོ་ན་སྣོད་ཀྱི་འཇིག་རྟེན་དང་། དགྲ་བཅོམ་པའི་ཕུང་པོ་ཟག་བཅས་ནི་ཅི་ལྟར་ཡིན་ཞེ་ན། སེམས་ཅན་གཞན་གྱི་ཟག་པ་དམིགས་པའི་སྒོ་ནས་རྒྱས་སུ་རུང་བས་ཟག་བཅས་སུ་འདོད་དོ། །འགོག་ལམ་ལ་ཟག་པས་དམིགས་ཀྱང་ཟག་པ་རྒྱས་པར་མི་འགྱུར་ཏེ། བཏགས་པ་ཙམ་གྱིས་སྒོ་ནས་དམིགས་པ་ཡིན་གྱི་དངོས་པོར་མི་དམིགས་པས་ཟག་བཅས་སུ་ཐལ་བར་མི་འགྱུར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་ནི་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་སྟེ་དེ་རྣམས་ནི་ཟག་པ་དང་བཅས་པ་ཡིན་ཏེ། གང་གི་ཕྱིར་ཞེ་ན་དེ་དག་ལ་ཟག་པ་རྣམས་དམིགས་པ་དང་མཚུངས་ལྡན་གྱིས་དུས་ཀུན་ཏུ་རྒྱས་པར་འགྱུར་བ་དེའི་ཕྱིར་རོ། །འདིར་ཟག་པ་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཡིན་ལ། རྒྱས་པ་ནི་གནས་ཐོད་པས་རྒྱུན་ཆགས་སུ་འབྱུང་བའམ། ཟག་པ་རྣམས་དེ་དག་ལ་འཕྲོད་ཅིང་མཐུན་པའི་ཕྱིར་རམ། དེ་དག་ཀྱང་ཟག་པ་ལ་འཕྲོད་ཅིང་མཐུན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:ཟག་བཅས་

|; |@@@ | | }}