61327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་བཅས་ཀྱི་ཤེས་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། བདེན་འཛིན་དང་དེའི་བག་ཆགས་ལ་ཟག་པ་དང་། དེས་བསླད་པའི་ཤེས་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཁ་ཅིག ། འདིར་བསྟན་པའི་ཟག་མེད་ཀྱི་དོན། ངོ་བོ་དང་མཚུངས་ལྡན་ཅི་རིགས་ཀྱི་སྒོ་ནས་ཟག་པ་རྒྱས་སུ་རུང་བ་ལ་ཟག་བཅས་དང༌། དེ་མེད་པ་ལ་ཟག་མེད་དུ་འདོད་པ་མི་རིགས་ཏེ། བདེན་འཛིན་དང་དེའི་བག་ཆགས་ལ་ཟག་པ་དང༌། དེ་མེད་པ་ལ་འདིར་བསྟན་ཟག་མེད་ཀྱི་དོན་ཡིན་པའི་ཕྱིར། དེར་ཐལ། བདེན་འཛིན་ཟག་པའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་བལྟོས་ནས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
Synonyms འཁྲུལ་ཤེས། ཟག་བཅས་ཀྱི་ཤེས་པ།

{{#arraymap:ཟག་བཅས་ཀྱི་ཤེས་པ་

|; |@@@ | | }}