61333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་བཅས་དབང་པོ་བཅུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས། མིག་དང་། རྣ་བ་དང་། སྣ་དང། ལྕེ་དང། ལུས་དང་། མོ་དང་ཕོའི་དབང་པོ་རྣམས་ཏེ་གཟུགས་ཅན་གྱི་དབང་པོ་བདུན་དང་། སྲོག་གི་དབང་པོ། སྡུག་བསྔལ་དང་། ཡིད་མི་བདེ་བའི་དབང་པོ་སྟེ་བཅུ་པོ་དེ་དག་ནི་སྒོམ་སྤང་ཡིན་པས་གཅིག་ཏུ་ཟག་པ་བཅས་པ་ཡིན་པར་མཛོད་དུ་གསུངས་སོ། །
Domain ཆོས་ལུགས།