61337
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཟག་བཅས་ཟག་མེད་ལ་དམིགས་པའི་དབྱེ་བ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་། བཞི་པོ་དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དང་། མ་འདྲེས་པ་འབའ་ཞིག་པའི་མ་རིག་པ་འགོག་ལམ་མཐོང་སྤང་གཉིས་དང་བཅས་པ་དྲུག་ནི་ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཏེ། དེ་དག་ནི་འགོག་ལམ་གྱི་བདེན་པ་ལ་ལོག་པར་རྟོག་པ་ཡིན་ལ་བདེན་པ་དེ་གཉིས་ཀྱང་ཟག་མེད་ཡིན་པའི་ཕྱིར་རོ། །གཞན་དག་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |