From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟག་བཅས་སྒོམ་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རྟོག་པའི་ཟག་པ་དང་བཅས་པའི་རྗེས་ལ་མངོན་རྟོགས་དེ། ཟག་བཅས་སྒོམ་ལམ་གྱི་མཚན་ཉིད། རྟོག་པར་གྱུར་པའི་སྒོམ་ལམ་དང༌། ཟག་བཅས་སྒོམ་ལམ་གཉིས་དོན་གཅིག ཟག་བཅས་སྒོམ་ལམ་ལ་དབྱེ་ན། ཐེག་ཆེན་གྱི་དེ་དང་ཐེག་དམན་གྱི་དེ་གཉིས་ཡོད། དང་པོ་ལ་མོས་པ་སྒོམ་ལམ་དང༌། བསྔོ་བ་སྒོམ་ལམ་དང༌། རྗེས་སུ་ཡི་རང་སྒོམ་ལམ་གསུམ་ཡོད། དེ་གསུམ་གྱི་ཁྱད་པར་ནི། ཡུམ་རང་དོན་གྱི་འབྱུང་གནས་སུ་འཛིན་པ། དེ་གཞན་དོན་གྱིས་འབྱུང་གནས་སུ་འཛིན་པ། དེ་རང་དང་གཞན་གཉིས་ཀའི་དོན་གྱི་འབྱུང་གནས་སུ་འཛིན་པ་གང་རུང་གིས་བསྡུས་པའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། དང་པོའི་མཚན་ཉིད་ཡིན། དེ་ལ་རྩ་བའི་སྒོ་ནས་དབྱེ་ན། རང་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་དང་གསུམ་ཡོད། དེ་ལ་ཡན་ལག་གིས་སྒོ་ནས་དབྱེ་ན། དེ་གསུམ་པོ་རེ་རེ་ལ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་གསུམ་དུ་དབྱེ་བས་དགུ་ཡོད། དེ་ལ་ཉིང་ལག་གིས་སྒོ་ནས་དབྱེ་ན། རང་དོན་མོས་པ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་དེ་ཆེན་པོའི་ཆེན་པོ་བར་དགུ་ཡོད། དེ་བཞིན་དུ་གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་ལ་ཡང་དགུ་དགུ་སྟེ་ཉེར་བདུན་ཡོད་དེ། རང་གི་དམིགས་པར་གྱུར་བའི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་བྱེད་པའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན་བྱེད་ལས་མཆོག་ཏུ་གྱུར་པའི་བསྔོ་བ་སྒོམ་ལམ་ནས་ཕན་ཡོན་ཆེན་པོ་དང་ལྡན་པའི་བསྔོ་བ་སྒོམ་ལམ་གྱི་བར་བཅུ་གཅིག་ཡོད། བསྔོ་བ་ཡིན་ན། སྨོན་ལམ་ཡིན་པས་ཁྱབ་ཀྱང༌། སྨོན་ལམ་ཡིན་ན་བསྔོ་བ་ཡིན་པས་མ་ཁྱབ་སྟེ། བསྔོ་བ་ཡིན་ན་རང་གི་དམིགས་པར་གྱུར་པའི་བསྔོ་རྒྱུའི་དགེ་རྩ་ཡོད་དགོས་པའི་ཕྱིར་རོ། །རང་གི་དམིགས་པར་གྱུར་པའི་དགེ་རྩ་ལ་རྗེས་སུ་ཡི་རང་བར་བྱེད་པའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ཡིན་ནོ། །
|
| Domain
|
ཆོས་ལུགས།
|
ཟག་བཅས་སྒོམ་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག གཟུང་འཛིན་ཐ་དད་དུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་བཅས་པ། དབྱེ་ན། མོས་པ་བསྔོ་བ་རྗེས་སུ་ཡི་རང་སྒོམ་ལམ་གསུམ་མོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
|