61342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་བཅས་སྒོམ་ལམ་བར་ཆད་མེད་པའི་འབྲས་བུ་ལྔ་ (1)
Part of speech མིང་ཚིག
Definition འཇིག་རྟེན་པའི་སྒོམ་ལམ་བར་ཆད་མེད་པ་དེ་དག་གི་ལས་གང་ཡིན་པ་དེ་ནི་འབྲས་བུ་ལྔས་འབྲས་བུ་དང་བཅས་པ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་ནི། རང་གི་སར་གཏོགས་པའི་རྣམ་པར་ཡིད་དུ་མི་འོང་བ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཁོ་ན་ཡིན་ཏེ། སྤངས་པ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲང་པའི་ཆོས་འདི་ལྟ་སྟེ། རྣམ་པར་གྲོལ་བའི་ལམ་དང་དེ་དག་ལྷན་ཅིག་འབྱུང་བ་དང་། གང་ཡང་མ་འོངས་པ་ཐོབ་པ་དང་སྤངས་པ་དེ་ཡང་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་རྣམས་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །
Domain ཆོས་ལུགས།