61350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་མེད་ཀྱི་དབང་པོ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཟག་མེད་དབང་པོ་གསུམ་གཞག་ཏུ་ཡོད་དེ། མཐོང་སྤང་སྤོང་བ་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པའི་ཟག་མེད་ཀྱི་དབང་པོ་དང་པོར་དམིགས་པ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་མཚན་ཉིད། སྒོམ་སྤང་སྤོང་བ་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པའི་ཟག་མེད་ཀྱི་དབང་པོ་གཉིས་པར་དམིགས་པ། ཀུན་ཤེས་པའི་དབང་པོའི་མཚན་ཉིད། ལྷག་མེད་མྱང་འདས་ཐོབ་པ་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པའི་ཟག་མེད་ཀྱི་དབང་པོ་གསུམ་པར་དམིགས་པ། ཀུན་ཤེས་ལྡན་པའི་དབང་པོའི་མཚན་ཉིད། དེས་ན་མཐོང་ལམ་དུ་གྱུར་པའི་དད་སོགས་དབང་པོ་ལྔ་ཡིད་ཀྱི་དབང་པོ་བདེ་བའི་དབང་པོ་ཡིད་བདེ་བའི་དབང་པོ་བཏང་སྙོམས་ཀྱི་དབང་པོ་དང་དགུ་ཀུན་ཤེས་པར་བྱེད་པའི་དབང་པོ། སྒོམ་ལམ་དུ་གྱུར་པའི་དེ་དགུ་ཀུན་ཤᨓས་᪍འི་དབང་པོ། མི་སློབ་ལམ་དུ་གྱུར་པའི་དེ་དགུ་ཀུན་ཤེས་ལྡན་པའི་དབང་པོར་འཇོག་པ་ཡིན་ནོ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ན། མཐོང་ལམ་ཡིན་པས་ཁྱབ་ཀྱང་། མཐོང་ལམ་ཡིན་ན། དེ་ཡིན་པས་མ་ཁྱབ་སྟེ། ཀུན་ཤེ་པར་བྱེད་པའི་དབང་པོ་ཡིན་ན། ཤེས་པ་ཡིན་པས་ཁྱབ། མཐོང་ལམ་ཡིན་ན། ཤེས་པ་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་འབུད། གཉིས་པ་གྲུབ་སྟེ། མཐོང་ལམ་དུ་གྱུར་པའི་གཟུགས་ཕུང་ཡོད་པའི་ཕྱིར་ཏེ། དེར་གྱུར་པའི་ཟག་མེད་ཀྱི་གཟུགས་ཕུང་ཡོད་པའི་ཕྱིར། དེས་ཕྱི་མ་གཉིས་ལའང་རིགས་འགྲེའོ། །
Domain ཆོས་ལུགས།