61358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་མེད་ཀྱི་སྡོམ་པ་གཏོང་རྒྱུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འཕགས་པའི་དགེ་བ་ཟག་མེད་ནི་རྒྱུ་གསུམ་གྱིས་གཏོང་སྟེ། འབྲས་བུ་ཕྱི་མ་ཐོབ་པས་སྔ་མ་དང་དབང་པོ་རྟུལ་པོ་སྦྱངས་པས་རྣོན་པོ་ཐོབ་པ་ན་རྟུལ་པོའི་སེམས་ཀྱིས་བསྡུས་པ་དང་དེ་དག་ལས་ཉམས་པ་ལས་ཀྱང་གཏོང་ངོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། རྒྱུན་ཞུགས་འབྲས་གནས་ཀྱི་རྟོགས་པ་ཐོབ་པའི་ཚེ་ན། རྒྱུན་ཞུགས་ཞུགས་པའི་ལམ་གཏོང་བ་དང། དེ་བཞིན་དུ་ཕྱིར་འོང་གི་འབྲས་བུ་ཐོབ་པ་ན་ཕྱིར་འོང་ཞུགས་ལམ་གཏོང་བ་སོགས་དང། དབང་པོ་སྦྱངས་པའི་དབང་གིས་དབང་པོ་རྣོན་པོར་འཕོས་པ་ན། རྟུལ་པོའི་ལམ་གཏོང་བ་དང། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ཏེ་ཕྱིར་འོང་དུ་གྱུར་པ་ན་དགྲ་བཅོམ་གྱི་རྟོགས་པ་གཏོང་བ་རྣམས་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།