61369
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཡེ་ཤེས་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་ཚུལ་མི་འདྲ་བ་རྣམས་ལ་འཇོག་པ་ཡིན་ལ། དེའི་དབྱེ་ཚུལ་ཡོད་དེ། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། དེ་ལ་དབྱེ་བའི་ཚུལ་ཡོད་དེ། རྒྱས་པར་ཕྱེ་ན་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག འབྲིང་དུ་ཕྱེ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ། བསྡུ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་དང། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་གཉིས་སུ་དབྱེ་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |