6137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅིག་པོ་ (1)
Part of speech རྒྱན་ཚིག
Definition ཁེར་རྐྱང་གི་དོན་ཏེ།
Example མི་སུ་ཡིན་རུང་གྲོགས་པོ་དང་ནང་མི་མེད་པར་གཅིག་པོ་མི་ཚེ་སྐྱེལ་དགོས་ན་དཀའ་ངལ་ཡོད། ཁོ་རང་གཅིག་པོ་རོགས་པ་མེད་པར་རྐང་ཐང་ལ་ལྷ་སར་གནས་མཇལ་དུ་བསྐྱོད་པ་རེད་ལྟ་བུ།
གཅིག་པོ་ (2)
Part of speech རྒྱན་ཚིག
Definition འབའ་ཞིག་གམ་ཁོ་ནའི་དོན་ཏེ།
Example ངས་བོད་ཡིག་གཅིག་པོ་སྦྱངས་པ་ཡིན་ལྟ་བུ།
གཅིག་པོ་ (1)
Part of speech ཚབ་ཚིག
Definition མི་གཉིས་ལྟ་བུ་ཡོད་ན་དེའི་ཅིག་ཤོས་ཀྱི་མིང་ལ་སྐབས་འགར་གཅིག་པོ་ཞེས་འབོད་དེ།
Example ཁྱོད་གཉིས་མཉམ་དུ་ཡོང་རྒྱུ་བྱས་ཡོད་པས་ཁྱོད་ཀྱི་རོགས་པ་གཅིག་པོ་དེ་ག་བར་ཕྱིན་སོང་ལྟ་བུ།