61370
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏེ། ༡ བྱང་ཕྱོགས་སོ་བདུན། ༢ ཚད་མེད་བཞི། ༣ རྣམ་ཐར་བརྒྱད། ༤ མཐར་གནས་སྙོམས་འཇུག་དགུ། ༥ ཟད་པར་བཅུ། ༦ ཟིལ་གནོན་བརྒྱད། ༧ ཉོན་མོངས་མེད་པའི་ཏིང་འཛིན། ༨ སྨོན་གནས་མཁྱེན་པ། ༩ མངོན་ཤེས་དྲུག ༡༠ སོ་སོ་ཡང་དག་པ་རིག་པ་བཞི། ༡༡ རྣམ་དག་བཞི། ༡༢ དབང་བཅུ། ༡༣ སྟོབས་བཅུ། ༡༤ མི་འཇིགས་པ་བཞི། ༡༥ བསྲུང་བ་མེད་པ་རྣམ་གསུམ། ༡༦ དྲན་པ་ཉེ་བར་བཞག་པ་བཞི། ༡༧ བསྙེལ་བ་མི་མངའ་བའི་ཆོས་ཉིད། ༡༨ བག་ཆགས་ཡང་དག་བཅོམ་པ། ༡༩ ཐུགས་རྗེ་ཆེན་པོ། ༢༠ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༢༡ གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་བཅས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་སུ་ཡོད་པའི་ཕྱིར། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། ། |
| Domain | ཆོས་ལུགས། |