61374

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་མེད་རྣམ་པར་སྨིན་མ་སྨིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཟག་མེད་རྣམ་པར་སྨིན་མ་སྨིན་གྱི་ཁྱད་པར་ནི། དེ་ཡང་ས་བདུན་པ་མན་ཆད་ཀྱི་ཡོན་ཏན་རྣམས་ལ་ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཡོན་ཏན་དང། ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་རྣམས་ལ་ཟག་མེད་རྣམ་པར་སྨིན་པའི་ཡོན་ཏན་ཡིན་ནོ། དེ་ཡང་ས་བདུན་པ་མན་ཆད་ཀྱི་ཡོན་ཏན་རྣམས་ལ་ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཡོན་ཏན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་འབད་རྩོལ་རགས་པ་དང་བཅས་ཏེ་སྒྲུབ་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་རྣམས་ལ་ཟག་མེད་རྣམ་པར་སྨིན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམ་པར་སྨིན་བཞིན་དུ་འབད་རྩོལ་རགས་པ་ལ་མ་ལྟོས་པར་རང་གི་ངང་གིས་འབྱུང་བའི་དོན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
Domain ཆོས་ལུགས།