From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟག་མེད་སྒོམ་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག གཟུང་འཛིན་ཐ་དད་དུ་སྣང་བའི་ཡང་དག་པ་མིན་པའི་ཀུན་རྟོག་དང་བྲལ་བའི་སྒོ་ནས་ཆོས་ཉིད་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་མཁྱེན་པའོ། །དབྱེ་ན། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
ཟག་མེད་སྒོམ་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
རྟོག་པའི་ཟག་པ་དང་བྲལ་བའི་རྗེས་ལ་མངོན་རྟོགས་དེ། ཟག་མེད་སྒོམ་ལམ་གྱི་མཚན་ཉིད་ཡིན། སྒྲུབ་པ་སྒོམ་ལམ་ལ་དབྱེ་ན་ལྔར་ཡོད་དེ། གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་དེ་ལ་རྟེན་བྱུང་གི་ཆོས་ཉིད་སྒྱུ་མ་ལྟ་བུར་རྟོགས་པའི་ངོ་བོ་ཉིད་ཀྱི་སྒྲུབ་པ་སྒོམ་ལམ་ནས། དོན་ཆེན་པོ་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་བའི་དེའི་བར་ལྔ་ཡོད་པའི་ཕྱིར།
|