61381
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མངོན་ཤེས་གང་ཞིག བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མཐོང་སྤངས་ཀུན་སྦྱོར་གསུམ་སོགས་རང་རྒྱུད་ཀྱི་ཟག་པ་ཅི་རིགས་པ་ཟག་པ་ཟད་པ་ལྟར་མངོན་སུམ་དུ་རྟོགས་པས་རབ་ཏུ་ཕྱེ་བ་ཟག་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད། རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས། ལུས་རྟེན་ནི་སྦྱོར་བྱུང་གིས་གསར་དུ་སྒྲུབ་པའི་རྟེན་གྱི་དབང་དུ་བྱས་ན། འདོད་པའི་རྟེན་ཅན་དང། སེམས་རྟེན་ནི་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་སྒྲུབ་ལ། བྱེད་ལས་ནི་ལུང་བསྟན་ཐོབ་པ་སོགས་ཀྱི་བྱེད་ལས་བྱེད་པའི་ཕྱིར། ས་མཚམས་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་མཐོང་སྤངས་སྤངས་པའི་འཕགས་པ་ཡན་ཆད་ལ་ཡོད་པའི་ཕྱིར། |
| Domain | ཆོས་ལུགས། |