61428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟངས་དཀར་འཕགས་པ་ཤེས་རབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་མངའ་རིས་ཟངས་དཀར་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་བཅས་ལ་བྱང་བ་གནང་། རབ་བྱུང་དང་། དགེ་ཚོལ་སློང་གི་སྡོམ་པ་རྣམས་མནོས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བོད་དབུས་སུ་སྦྲང་པོ་ཚོར་སྦྲང་ཚང་ཟེར་བའི་ཁང་པ་བརྩིགས། ལྷ་སའི་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། མཐའ་འདུལ་གྱི་གཙུག་ལག་ཁང་སོགས་ཞིག་གསོས་གནང་། སློབ་མ་གྲགས་ཆེ་བ་ནི་སྣུར་ཉི་མ་དང་། སྦལ་ཏི་སེམས་དཔའ་ཆེན་པོ་སོགས་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་གསུམ་པ་དང་། བསྟན་འགྱུར་ལས་དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་ངེས་པར་བརྗོད་པའི་བླ་མ་རྩ་བ་རྩ་བའི་འགྲེལ་བ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་འགྲེལ་བ་ཚིག་དོན་རབ་ཏུ་གསལ་བ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གྱི་འགྲེལ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ་བསྡུས་པ་གཅིག ཕྱག་ན་རྡོ་རྗེ་འགྲོ་བཟང་མའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆུ་གཏོར། ཕྱན་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཀླུ་གཏོར། ཚོགས་ཀྱི་འཁོར་ལོ་བཅས་ཆོས་ཚན་སོ་དགུ་བཞུགས།

{{#arraymap:ཟངས་དཀར་འཕགས་པ་ཤེས་རབ་

|; |@@@ | | }}