61610
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས་ཀྱི་ཁྲིད་ཡིག་སྐོར། མཛད་པ་པོ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ། བརྗོད་བྱ་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ཆོས་བདུན་གྱི་དམིགས་རིམ། རྗོད་བྱེད་གཞུང་ཚད་ལ་ལྡེབ་གྲངས་བཅུ་གསུམ། དེ་ཡང་མཇུག་རྩོམ་དུ། ཆོས་ཀྱི་རྗེ་ཀུན་སྤངས་ཆེན་པོའི་ཁྲིད་ཡིག་གཞིར་བྱས་ནས། ཆོས་ཀྱི་རྗེ་ཡབ་སྲས་རྣམས་ཀྱི་ཕྱག་ལེན་དང་མན་ངག་ཇི་ལྟ་བ་བཞིན་བྲིས་པའོ། །ཞེས་གསུངས་སོ། ། |