61632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༦༩༠ ལོར་མདོ་སྨད་རྨོག་རི་ལྡན་ཐང་དུ་ཡབ་ཟམ་ཚ་དཀོན་མཆོག་སྐྱབས་དང་། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་འཕགས་དགེ་བླ་མར་བསྟེན། ཡི་གེའི་སྦྱོར་ཀློག་དང་འདོན་ཆ་བཅས་སྦྱངས། ཉང་ཚང་ཆེན་པོ་ལས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་རྣམས་མནོས། བཅོ་ལྔ་པར་དབུས་སུ་བོན། འབྲས་སྒོ་མང་གྲྭ་ཚང་དུ་ཞུགས། ཀུན་མཁྱེན་འཇམ་བཞད་པ་དང། མཁས་དབང་བཀྲ་ཤིས་དཔལ་ལྡན་ལས་བསྡུས་གཞུང་དང་། བཀའ་པོད་ལྔར་མཁས་པར་མཛད། སོ་བདུན་པར་འབྲུས་སྤུངས་རྡོ་རམས་པའི་མཚན་བཏགས་བཞེས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཟབ་ཆོས་མང་དུ་ཞུས། སྟོད་རྒྱུད་གྲྭ་ཚང་དུ་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། རྒྱུད་དང་ཤར་རྩེའི་མཁན་ཁྲིར་བཞུགས། འཆད་ཉན་དང་གཏོང་སྒོ་སྔར་སྲོལ་རྒྱུན་འཛིན་མཛད། རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་བཞིའི་རིང་བསྐྱངས་། རྟེན་གསུམ་མང་དུ་བཞེངས། དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༧༤༩ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་ནི་ཐུབ་པ་ཚུལ་ཁྲིམས་མའི་ལྷ་ཁང་དུ་བཞུགས། སློབ་མ་གྲགས་ཆེ་བ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། བྲག་རྒྱབ་སྔགས་རམས་པ་བློ་བཟང་ཆོས་འཕེལ། མཁས་གྲུབ་དགེ་འདུན་བདེ་ཆེན་བཅས་ཡིན། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་ལྔ་པ་ཡིན།

{{#arraymap:ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་

|; |@@@ | | }}