61633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟམ་ཚ་འཇིགས་མེད་བསམ་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ཕྱི་ལོ་ ༡༨༣༣ ལོར་མདོ་སྨད་ཁོ་ཚེར་ཡབ་བདེ་ལེགས་དང་། ཡུམ་མགོན་པོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། བྱིས་དུས་ཀྱི་མཚན་ལ་གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོས་མགོན་པོ་སྐྱབས་ཞེས་གནང་། དགུང་ལོ་བརྒྱད་པར་སྐུ་ཞང་རྡོ་རམས་པ་དཀོན་མཆོག་ལས་ཡི་གེའི་སྦྱོར་ཀློག་དང་ཆོ་ག་ཆོས་སྤྱོད་བཅས་སྦྱངས། བཅུ་པར་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མས་གསེར་བུམ་དཀྲུགས་ཏེ། ཧུ་ཐོག་ཐུ་སྤྱི་ལུགས་ཀྱིས་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་སྐུར་ངོས་བཟུང་། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་མནོས། གདན་སར་བཀོད། རིགས་གྲྭའི་ཆོས་གྲྭར་ཞུགས། བསྡུས་གྲྭ་དང་པོད་ལྔའི་གཞུང་ལ་མཁས་པར་སྦྱངས། ཉི་ཤུ་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། རྒྱ་ནག་ཏུ་ཕེབས། གོང་མ་ཆེན་པོ་ཐུག་ཕྲད་གྱིས་ཐམ་ཀ་བླ་མ་ཆེ་ཅུང་གི་གོ་གནས་ཕུལ། ཉེར་བརྒྱད་པར་རང་ཡུལ་དུ་ཕེབས། ཧོ་ཤུལ་སོགས་ཀྱི་ཡུལ་གྲུ་རྣམས་ལ་བཀའ་ཆོས་ཅི་རིགས་གསུངས། སོ་བཞི་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ཁྲིར་བྱོན། ཆོས་འཆད་ཉན་དང་གཏོང་སྒོ་བསྐྱངས། འདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ང་གསུམ་པ་ཡིན།
Synonyms མགོན་པོ་སྐྱབས།