61784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟིན་ (1)
Part of speech མིང་ཚིག
Definition ། འབྱུང་རྩིས་ཀྱི་སྤར་ཁ་བརྒྱད་ཀྱི་གྲས་ཤིག
Foreign རྒྱ་ནག
Domain རྩིས་རིག
ཟིན་ (2)
Part of speech མིང་ཚིག
Definition གཉེན་ཉེའི་དོན།
Example དགྲ་དང་ཟིན་གྱི་ཁྱད་པར། དགྲ་ཟིན་གྱི་དབྱེ་བ་ཁོར་དགོས་ཞེས་པ་ལྟ་བུ།
Antonyms དགྲ
ཟིན་ (1)
Part of speech གྲོགས་ཚིག
Definition ལས་ཚིག་འདས་པའི་མཐར་སྦྱར་ན་ལས་དེ་མཇུག་རྫོགས་པའི་དོན་ཏེ།
Example ཡི་གེ་བསྐུར་ཟིན། སྐད་ཆ་བཤད་ཟིན་ལྟ་བུ།
ཟིན་ (1)
Part of speech བྱ་ཚིག
Definition བཟུང་ནས་ཐོབ་པའི་དོན་ཏེ།
Keyword True
Example བཟུང་ནས་ལག་ལ་ཟིན་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ཟིན་ (2)
Part of speech བྱ་ཚིག
Definition ཚིག་སོགས་བློ་ལ་ངེས་པའི་དོན་ཏེ།
Example སྙན་ཚིག་བློ་ལ་ཟིན་ལྟ་བུ།
ཟིན་ (3)
Part of speech བྱ་ཚིག
Definition སླེབས་པའི་དོན་ཏེ།
Example སྔོན་ཐོན་གྱི་རྗེས་ཟིན་ལྟ་བུ།
ཟིན་ (4)
Part of speech བྱ་ཚིག
Definition ཚིག་གིས་དངོས་སུ་བསྟན་པའི་དོན།
Example སུ་རུ་དུ་ན་ལ་རྣམས་སུམ་བཅུ་པའི་རྩ་བར་ཚིག་གིས་ཟིན་ལྟ་བུ།
ཟིན་ (5)
Part of speech བྱ་ཚིག
Definition ཁྱད་པར་འབྱེད་ཤེས་པའི་དོན་ཏེ།
Example སྨན་ངོས་ཟིན། རང་སྐྱོན་རང་གིས་ངོས་ཟིན་ལྟ་བུ།