From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟིལ་གནོན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ཟིལ་གནོན་གྱི་སྐྱེ་མཆེད་ལ་བརྒྱད་ཡོད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན་གྱི་སྐྱེ་མཆེད། དེར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གྱི་སྐྱེ་མཆེད། ནང་དེར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་ལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དབྱིབས་ཟིན་གནོན་གྱི་སྐྱེ་མཆེད་བཞི་དང་། སྔོན་པོ། སེར་པོ། དམར་པོ། དཀར་པོ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱི་ངོ་བོ་སོགས་ཀྱང་ཡོད་དེ། དང་པོ་གཉིས་ནི་ངོ་བོ་ས་རྣམ་པ་རྣམ་ཐར་དང་པོ་བཞིན་དང་། སེམས་ཙམ་པ། གསུམ་པ་དང་བཞི་པ་ནི་ངོ་བོ་སོགས་རྣམ་ཐར་གཉིས་པ་བཞིན་དང་། ཟིལ་གནོན་ཕྱི་མ་བཞི་ནི་སྡུག་པའི་རྣམ་ཐར་བཞིན་དུ་མཚུངས་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
ཟིལ་གནོན་ (2)
| Part of speech
|
མིང་ཚིག
|
| Definition
|
མེ་ཕོ་རྟ།
|
| Domain
|
རྩིས་རིག
|