61818
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ཡུལ་གྱི་གཟུགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་པར་ནུས་པའི་ཞི་ལྷག་ཟུང་འཇུག་གོ ། དེ་ལ་དབྱེ་ན། གཟུགས་ཅན་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན། གཟུགས་ཅན་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་ཆུང་ངུ་ལ་བལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་ཆེན་པོ་ལ་བལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་སྔོན་པོ་ལ་ལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་སེར་པོ་ལ་ལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་དམར་པོ་ལ་ལྟ་བའི་ཟིལ་གནོན། གཟུགས་མེད་གཟུགས་དཀར་པོ་ལ་ལྟ་བའི་ཟིལ་གནོན་ཏེ་བརྒྱད་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དམིགས་པ་ལ་དབང་འབྱོར་བའི་སྒོ་ནས་དམིགས་པ་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ཟིལ་གནོན་གྱི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
| Domain | ཆོས་ལུགས། |