61819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟིལ་གནོན་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སྡེ་ཚན་དྲུག་པ་ཡོད་དེ། རང་ལ་ནང་གཟུགས་སུ་འདུ་ཤེས་པ་དང༌། གཟུགས་མེད་པ་འདུ་ཤེས་པ་དག་གིས་སོ་སོ་རེ་རེ་ལ་ཡང་གཟུགས་ཆུང་ངུ་དང་ཆེན་པོའི་རྣམ་པ་བཟང་ངན་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་ཞེས་བྱ་བ་དབྱིབས་ཟིལ་གནོན་བཞི་དང༌། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས། སྔོན་པོ་དང་སེར་པོ་དང་དམར་པོ་དང༌། དཀར་པོ་དག་ཟིལ་གྱིས་མནན་ནས་ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་ཞེས་བྱ་བ་ཁ་དོག་ཟིལ་གནོན་རྣམ་པ་བཞི་སྟེ། དེ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་མཐར་ཐུག་པ་རྣམ་པ་བརྒྱད་ཡོད་པའི་ཕྱིར། ཞེས་གསུངས། དེའི་ངོ་བོ་ཡོད་དེ། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། བསམ་གཏན་བཞིའི་དངོས་གཞི་གང་རུང་ལ་བརྟེན་ཏེ་དམིགས་པ་ལ་དབང་འབྱོར་བའི་སྒོ་ནས་དམིགས་པ་ཟིལ་གྱིས་གནོན་པ་ལ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞིག་ལ་འཇོག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
ཟིལ་གནོན་བརྒྱད་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱོགས་བཅུའི་མུན་སེལ་ལས། ཟིལ་གནོན་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་ཟིལ་གྱིས་གནོན་པ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཟིལ་གྱིས་གནོན་པ་གཉིས་དང་། ནང་སྡུག་པར་མོས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཟེར་འགྱེད་པ་སྟེ་བརྒྱད་དོ། །ཞེས་གསུངས།