6182

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅིན་སྙི་ (1)
Part of speech མིང་ཚིག
Definition རླན་ཅན་ཡུལ་དུ་རྒྱུན་རིང་སྡོད་པ་དང་བད་ཚིལ་འཕེལ་བ་སོགས་ཀྱིས་རྐྱེན་གྱིས་རྒྱུན་ལྡན་ལྟར་མ་ཡིན་པ་གཅིན་པ་གྲངས་མང་དུ་གཏོང་དགོས་པའམ་དབང་མེད་དུ་ཤོར་བའི་དོན། ཐོར་ནད་བཅུ་དགུའི་ཡ་གྱལ་ཞིག་སྟེ། ངོ་བོ་རོ་ལན་ཚའམ་མངར་བ་དང་། ནུས་པ་ལྕི་ཞིང་བསིལ་བའི་ཟས་རིགས་ཡུན་དུ་བསྟེན་པ་དང་། རླན་ཅན་ཡུལ་དུ་རྒྱུན་རིང་འདུག་པ་སོགས་ཀྱི་རྐྱེན་ལས་བད་ཚིལ་འཕེལ་བ་ཟུངས་སུ་གྱུར་མ་ཐུབ་པར་སྙིགས་མ་གཅིན་དུ་གྱུར་ནས་ལྒང་པར་ཟགས་པས་མཁལ་མ་དང་ལྒང་པའི་དྲོད་ཤོར་བ་ཞིག་ཡིན་ཞིང་། དེ་རྟགས་གཅིན་པ་རྒྱུན་ལྡན་མ་ཡིན་པར་ལན་མང་གཏོང་དགོས་ཤིང་། མདོག་རྙོག་མ་ཅན་དུ་འབྱུང་བ་དང་། མལ་སྟན་སོགས་ཀྱི་སྟེང་དུ་རང་དབང་མེད་པར་འཆོར་འགྲོ་བ་སོགས་འབྱུང་པར་བཤད།
Domain གསོ་རིག