61826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ (1)
Part of speech མིང་ཚིག
Definition དབྱིབས་ཀྱི་ཟིལ་གནོན་བཞི་དང༌། ཁ་དོག་གི་ཟིལ་གནོན་བཞི་བཅས་བརྒྱད་དེ། ཏིང་ངེ་འཛིན་ལ་བརྟེན་ནས་དབྱིབས་དང་ཁ་དོག་ཇི་ལྟར་དམིགས་པ་ལྟར་སྤྲུལ་བསྒྱུར་ལ་དབང་བས་གཞན་ཟིལ་གྱིས་མནན་ནས་རང་གི་ཡིད་མི་འཕྲོག་པར་བྱེད་པའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང། ངན་པ་ལ་སོགས་པ་མཐོང་ནས་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་དང་པོ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་རྣམས་དང་། དེ་ཁོ་ན་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པ་སྟེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་ལྟ་བ་སྟེ། དེ་ལྟར་ན་བརྒྱད་ཡིན་ནོ། །
Domain ཆོས་ལུགས།