6183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅིན་སྙིའི་ནད་ཀྱི་དབྱེ་བ་ཉི་ཤུ་ (1)
Part of speech མིང་ཚིག
Definition བད་ཀན་གྱི་གཅིན་སྙིའི་ཟ་ཁུ་བཅུ་ནི། ༡ མདོག་བད་ཀན་རང་དང་འདྲ་ལ་སྟེང་འོག་དྲི་མ་མེད་པའི་ཆུ་དང་འདྲ་བ། ༢ སྟེང་ཅུང་ཟད་དྭངས་ལ་འོག་ཏུ་ཅུང་ཟད་རྙོག་ཅན་སྐ་བ་ཆང་འདྲ་བ། ༣ མདོག་རྙོག་ཅན་གྱི་སྤྱིན་བག་ཅན་སྨུག་པོ་བུར་ཤིང་གི་ཁུ་བ་ལྟར་མངར་བ། ༤ ཞག་ལོན་ནས་སྐ་བར་འགྱུར་བ་ཟ་ཁུ་གར་པོ། ༥ མདོག་དཀར་བ་འབྲས་ཀྱི་ཕྱེ་མ་འདྲ་བ། ༦ ཁུ་ཆུ་འདྲ་བའམ་ཁུ་ཆུ་ཅུང་ཟད་འདྲེས་པའི་ཁུ་ཆུ་འདྲ་བ། ༧ བྱེ་མ་ཅན་བྱེ་ཚིགས་དྲི་མ་ཅན་བྱེ་མའི་ཟ་ཁུ། ༨ རི་མངར་ལ་རེག་བྱ་བསིལ་བ་བསིལ་གྱི་ཟ་ཁུ། ༩ ཉུང་ཟད་དལ་བུས་འབྱུང་བ་བག་འབྱུང་གི་ཟ་ཁུ། ༡༠ ནལ་ནལ་སྤྱིན་བག་ཅན་ཁ་ཆུ་འདྲ་བ་བཅས་དང་། མཁྲིས་པའི་ཟ་ཁུ་རྣམ་པ་དྲུག་ནི། ༡ ཁ་དོག་དྲི་རོ་ནས་ཚིགས་འདྲ་བ། ༢ ནག་པོ་སྣག་ཚ་འདྲ་བ། ༣ མདོག་སྔོན་པོ། ༤ སེར་པོ་སྐྱེར་ཁུ། ༥ དམར་པོ་བཙོད་ཁུ། ༦ དྲི་ང་ཞིང་ཚ་ལ་ལན་ཚྭ་དང་བཅས་པ་ནི་ཁྲག་དང་འདྲ་བ་བཅས། རླུང་གི་ཟ་ཁུ་རྣམ་པ་བཞི་སྟེ། ༡ རྐང་དམར་འདྲིས་པ་འདྲ་བར་རྐང་གི་ཟ་ཁུ། ༢ ཞག་དང་འདྲེས་པ་འདྲ་བ་ཞག་གི་ཟ་ཁུ། ༣ གླང་ཆེན་མྱོས་པའི་ཆུ་ལྟར་རྒྱུན་དུ་གཅིན་ཤུགས་དལ་བར་འབྱུང་བར་འགྱུར་བ་གླང་ཆེན་ཟ་ཁུ། ༤ མདོག་སེར་སྨུག་ཀུན་ཏུ་འདྲེས་པ་སྦྲང་རྩི་དང་འདྲ་བའི་ཟ་ཁུ་བཅས་སོ། །གཅིན་སྙི་ཟ་ཁུའི་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། རོ་ལན་ཚྭ་བ་དང་མངར་བའི་རིགས་མང་དྲགས་པ་དང་ནུས་པ་བསིལ་བ་དང་། ལྕི་བའི་རིགས་ཀྱི་ཟས་སྐོམ་ཡུན་དུ་ཟོས་པ་རླན་ཅན་གྱི་སར་མལ་ས་བཅས་ནས་ཡུན་རིང་འདུག་དྲགས་པ་སོགས་ཀྱིས་བད་ཀན་དང་ཚིལ་འཕེལ་བ་ཟུངས་སུ་མ་གྱུར་པར། སྙིགས་མ་གཅིན་ཏུ་གྱུར་ནས་རིམ་གྱིས་ལྒང་པར་ཟགས་པས་ཟ་ཁུའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །
Domain གསོ་རིག