61866
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དུས་རབས་བརྒྱད་པ་ཡར་མར་ཙམ་དུ་བྲག་རྡོར་མཆོད་རྟེན་ལྔ་བརྐོས་པར་གྲགས་པ་དེ་ཉིད་དེང་སང་གྲ་ནང་རྫོང་ཁོངས་སུ་ཡོད་ཅིང་། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཟུང་མཁར་ལོ་ཧི་ཏ་འགྲམ་ཚལ་དུ་ཕེབས་པ་དང་། མངའ་བདག་རྒྱལ་པོ་ཉིད་དང་མཇལ་འཕྲད་མཛད་སྐབས་རྒྱལ་པོས་ཕྱག་མ་འཚལ་བས། ཕྱིས་སུ་ཆོས་རྒྱལ་གྱིས་འགྱོད་སེམས་དྲག་པོས་ཕྱག་པ་མཛད་ནས་ངོ་མཚར་བའི་མཆོད་རྟེན་ལྔ་བཞེངས་པར་མཛད་པ་མ་ཟད། སློབ་དཔོན་ཆེན་པོས་གཏེར་ཁ་རེ་རེ་སྦས་པ་སོགས་མཆོད་རྟེན་དེ་དག་ནི་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན། |