61867
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མི་འདྲ་བ་གཉིས་གཅིག་ཏུ་འབྱོར་བའམ་མཐུན་པར་འབྱོར་བ་སྟེ། |
Example | ཞི་ལྷག་ཟུང་འཇུག བདེ་སྟོང་ཟུང་འཇུག་ཅེས་པ་ལྟ་བུ། |
{{#arraymap:ཟུང་འཇུག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གཞན་སྟོང་དབུ་མ། ཀུན་རྫོབ་ཀྱི་སྟོང་པ་དང་དོན་དམ་གྱི་མི་སྟོང་བ་གཉིས་ཟུང་དུ་འཇུག་པ་ནི་འདི་སྐབས་ཀྱི་ཟུང་འཇུག་གི་དོན་ཡིན་ལ། དེ་ཡང་བློ་ངོར་ཟུང་འཇུག་ཏུ་བཞག་པ་ཡིན་གྱི་གནས་ལུགས་ལ་འཇུག་རྒྱུའི་ཟུང་འཇུག་མེད་ན་དེ་ཆོས་གཅིག་གི་སྟེང་དུ་སྦྱོར་བ་ག་ལ་འཐད། དེས་ན་དོན་དམ་དབྱིངས་དེ་ལ་སྟོང་པ་དང་མི་སྟོང་པ་གཉིས་པོ་དེའི་ངོ་བོ་གཉིས་ཆོས་སྤངས་པའི་རྣམ་པར་དབྱེར་མེད་པ་གཞི་ཡིན་པ་ལ་བློ་ངོར་ཟུང་འཇུག་ཅེས་གཞི་གཅིག་གི་སྟེང་དུ་ཆོས་མི་འདྲ་བ་གཉིས་འདུས་པ་ལྟ་བུའི་རྣམ་བཞག་བྱས་སོ། །ཆོས་དབྱིངས་དེ་དང་རྣམ་པ་དབྱེར་ཡོད་པ་གློ་བུར་གྱི་དྲི་མ་དག་གིས་ཁམས་ཆོས་དབྱིངས་ཏེ་སྟོང་པའི་ཕྱིར་སྟོང་པ་ཡང་ཡིན་ལ། ཆོས་དབྱིངས་དེ་དང་རྣམ་པར་དབྱེར་མེད་པ་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་པའི་ཕྱིར་སྟོང་པ་ཡང་མ་ཡིན་ནོ། །དེས་ན་ཆོས་དབྱིངས་དེ་ནི་སྟོང་པ་དང་སྟོང་མིན་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ཡིན་ནོ། ། |
Domain | ལྟ་གྲུབ། |
{{#arraymap:ཟུང་འཇུག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། བླ་མེད། རྫོགས་རིམ་ལྔའི་ནང་གསེས་ཤིག་སྟེ། ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའམ། ཐབས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་ཤེས་རབ་འོད་གསལ་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པ་དང༌། ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་ཡུལ་ཅན་མི་འགྱུར་བའི་བདེ་བ་ཆེན་པོའོ། ། |
{{#arraymap:ཟུང་འཇུག་
|; |@@@ | | }}