61868
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས་ཀྱི་དབུ་མའི་ལྟ་ཁྲིད་སྐོར། གསལ་སྒྲོན་རྣམ་བཞིའི་ཡ་གྱལ་ཏེ། གཞུང་འདི་ནི་མཛད་པ་པོ་ཇོ་ནང་ཡུ་མོ་མི་བསྐྱོད་མི་རྡོ་རྗེ། བརྗོད་བྱ་ནི་ཕྱིའི་སྣང་བ་དང་ནང་གི་རིག་པ་དག་གཉིས་སུ་མེད་པའི་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོར་ངོ་སྤྲོད་པའི་མན་ངག་ཟུང་འཇུག་གསལ་སྒྲོན། ཞེས་ཀུན་སྤངས་པས་མཛད་པའི་གསལ་སྒྲོན་བཞིའི་ས་གཅོད་དུ་གསུངས། རྗོད་བྱེད་གཞུང་ཚད་ལ་ལྡེབ་ངོས་དྲུག་ཙམ་བཞུགས། མཛད་པ་པོ་ནི་ཇོ་ནང་ཡུ་མོ་མི་བསྐྱོད་རྡོ་རྗེའོ། ། |