61876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུང་འཇུག་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition ༡ ལོངས་སྤྱོད་རྫོགས་པ་སྟེ། མཚན་དཔེ་ཡོངས་སུ་རྫོགས་པ། ༢ ཁ་སྦྱོར་ཏེ་རང་སྣང་རིག་མ་དང་མཉམ་པར་སྦྱོར་བའོ། །༣ བདེ་ཆེན་ཏེ་རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གནས་པའོ། །༤ རང་བཞིན་མེད་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའོ། ༥ སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་དང་རྟག་ཏུ་ལྡན་པའོ། །༦ རྒྱུན་མི་འཆད་པ་སྟེ་སྐུ་དང་ཡེ་ཤེས་གཉིས་ཆར་རྒྱན་གྱིས་རྟག་པའོ། །༧ འགོག་པ་མེད་པ་སྟེ་ཐུགས་སྣང་མེད་ཀྱི་འགོག་པ་ལ་འཇུག་པ་དང༌། གཟུགས་སྐུ་རེ་ཞིག་རྒྱུན་ཆད་པའི་འགོག་པ་མེད་པའོ། །
Domain ཆོས་ལུགས།