61878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཟུང་འཇུག་རབ་ཏུ་མི་གནས་པ་ནི། དབུ་མ་པ་ལ་གནས་ལུགས་གཞལ་ཚུལ་གྱི་བློའི་རྩལ་ཆེ་ཆུང་གིས་སྒྱུ་མ་ལྟར་གཉིས་སུ་མེད་པ་དང་། རབ་ཏུ་མི་གནས་པ་གཉིས་སུ་ཡོད་པ་ལས། གཉིས་པ་རབ་ཏུ་མི་གནས་པའི་བྱེ་བྲག་སྟེ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་རབ་ཏུ་མི་གནས་པ་ལའང་། སྟོང་པ་རབ་ཏུ་མི་གནས་པ། རྒྱུན་ཆད་རབ་ཏུ་མི་གནས་པ། བཏང་སྙོམས་རབ་ཏུ་མི་གནས་པ། ཟུང་འཇུག་རབ་ཏུ་མི་གནས་པ་བཞི་ལས། ཞེས་དང་། བཞི་པ་ཟུང་འཇུག་རབ་ཏུ་མི་གནས་པས་ནི། སྣང་སྟོང་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པའི་ཆོས་དབྱིངས་སྤྲོས་པའི་དྲྭ་བ་ཀུན་གྱིས་དབེན་པ་འཕགས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་བདེན་པ་གཉིས་དབྱེར་མེད་པའི་གནས་ལུགས་ཟབ་མོ་དེའི་ངང་དུ་ཆོས་ཀུན་རོ་མཉམ་པར་གྱུར་པས་ཀུན་རྫོབ་དང་དོན་དམ་གཉིས་སུ་ཡང་བཞག་པ་མེད་ལ། ཐ་སྙད་དུ་ནི་ཇི་ལྟར་སྣང་བ་རྣམས་ལ་བརྟགས་དཔྱད་མེད་པར། འཇིག་རྟེན་ན་སྣང་བ་ལྟར་ཁས་ལེན་པ་ཀུན་རྫོབ་དང་། དེའི་རང་བཞིན་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་དོན་དམ་བདེན་པ་ཞེས་བྱ་སྟེ། མདོར་ན། དེ་སང་དབུ་མ་ཐལ་འགྱུར་པ་ཞེས་ཡོངས་སུ་གྲགས་པའི་ལུགས་ཉིད་དོ། །འདི་ནི་རྒྱལ་བའི་ཡུམ་ནས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་དགོངས་པ་ཇི་བཞིན་པ་གཏན་ལ་ཕབ་པའི་ཕྱིར་རྒྱུ་ཡི་ཐེག་པའི་ལྟ་བ་མཐར་ཐུག་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |