61884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུང་ལྡན་ (1)
Part of speech མིང་ཚིག
Definition གྲངས་ཀ་བཞི་སྟེ། ཟུང་ནི་གཉིས་ཀྱི་དོན་ཡིན་ལ། གྲངས་ཀ་བཞི་ལ་ཟུང་གཉིས་ཡོད་པས་ན་ཟུང་ལྡན་ཟེར།
Type མངོན་བརྗོད།
ཟུང་ལྡན་ (2)
Part of speech མིང་ཚིག
Definition ཟུང་ནི་གཉིས་ཀྱི་དོན་ཡིན་པས་དེ་དང་ལྡན་པའམ་ཡོད་པའི་དོན།
Example ཕ་མ་ཟུང་ལྡན། དགེ་སྡིག་ཟུང་ལྡན་ལྟ་བུ།
ཟུང་ལྡན་ (3)
Part of speech མིང་ཚིག
Definition སྒྲ་རྒྱན་གྱི་ནང་གསེས་དང་པོ་སྟེ། རྗོད་བྱེད་ཀྱི་ཚིག་སྦྱོར་གང་དུ་གཟུགས་སྔ་ཕྱི་མཚུངས་པའི་ཡི་གེའི་བར་དུ་ཚིག་གཞན་གྱིས་ཆོད་པ་དང་མ་ཆོད་པ་ཅི་རིགས་ཀྱི་སྒོ་ནས་ཡང་ནས་ཡང་དུ་བསྡུས་ཤིང་བསྐོར་བ་ཞིག་ལ་ཟུང་ལྡན་ཞེས་བརྗོད་པ་ཡིན་ནོ། །འདི་ལ་ཡི་གེ་བསྐོར་བའི་ཟུང་ལྡན་ཞེས་ཀྱང་ཟེར་རོ།
Domain རྩོམ་རིག