61887
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྐང་པ་བཞི་ཀའི་ཡིག་གཟུགས་རྣམ་པ་གཅིག་ཏུ་མཚུངས་པར་མ་ཟད། རྐང་པ་རེ་རེ་ལའང་སྒྲ་གཟུགས་གཅིག་པའི་ཟུང་ལྡན་མིང་ཚིག་གཞན་གྱིས་བར་མ་ཆོད་པ་ཞིག་དགོས། འདི་ནི་གོང་གི་རྐང་པ་ལན་གསུམ་བཟླས་པའི་ཟུང་ལྡན་དང་ཁྱད་པར་ཡོད་དེ། འདིའི་རྐང་པ་རེ་རེ་ལའང་ཟུང་ལྡན་གཟུགས་གཅིག་པ་སྔ་ཕྱི་བར་མ་ཆོད་པར་ཡོད་པས། སྔ་མ་ལ་དེ་མི་དགོས་སོ། །འདིའི་ཚིག་རྐང་བཞི་ཀ་རྣམ་པ་གཅིག་པ་དང་། རྐང་པ་རེ་རེ་ལའང་ཟུང་ལྡན་བར་མ་ཆོད་པར་ཡོད་པས་ན། རྣམ་པ་ཀུན་ཏུ་བར་མ་ཆོད་པའི་ཟུང་ལྡན་ནམ། ཟུང་ལྡན་ཆེན་པོ་ཞེས་ཟེར། |
| Example | བོད་མཁས་པས། དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ། །དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ། །དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ། །དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་དབང་ཕྱུག་མཆོག་གཉིས་ཁྱོད་རྒྱལ་བ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |