61918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྲ་མོའི་རྒྱན་གྱི་ནང་གསེས་དང་པོ་སྟེ། རང་གི་འདོད་པའི་བསམ་བློ་དེ། ཕ་རོལ་བོས་གོ་བར་བྱེད་པའི་དོན་དུ་བློས་དཔྱད་པ་སྔོན་དུ་བཏང་སྟེ། མཚོན་བྱའི་དོན་དེ་དངོས་སུ་བརྗོད་མ་ནུས་པའམ་མ་བརྗོད་པར་མཚོན་བྱེད་བརྡ་ཐབས་སམ་ཟུར་ཙམ་གྱི་སྒོ་ནས་དོན་དེ་གོ་བར་བྱེད་པའི་ཚིག་སྦྱོར་གྱི་རྒྱན་ལྟ་བུ་ཞིག་ལ་ཟེར། |
| Example | བོད་མཁས་པས། ཚོགས་དབུས་ལང་ཚོ་རབ་རྫོགས་ཟླ་བཞིན་མས། །དངུལ་དཀར་དྲི་མེད་ལས་གྲུབ་བཞིན་གྱི་སྣོད། ། མཁའ་ལ་འཕྱར་ཏེ་ས་གཞིར་བཙུགས་པའི་འགྲམ། །ཀུན་དའི་མེ་ཏོག་ཟུང་ཞིག་བཞག་ནས་སོང་། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |