61968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་ལུགས་ (1)
Part of speech མིང་ཚིག
Definition བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ཟུར་ལུགས་ཞེས་པ་ནི་དུས་རབས་བཅོ་ལྔ་པ་ནས་མགོ་ཚུགས་པའི་བོད་ཀྱི་ལྷོ་ཕྱོགས་ལ་ཐོག་ཟུར་མཁར་ལྟེ་བར་བྱས་པའི་དྭགས་ཀོང་གཙོ་གྱུར་གྱི་ས་ཁོངས་སུ་བོད་ལུགས་སྨན་པའི་བརྒྱུད་པ་ཟམ་མི་ཆད་པ་བྱུང་བའི་ལུགས་ཆེན་པོ་ཞིག་ཡིན། ཟུར་ལུགས་ཐོག་མའི་སྲོད་གཏོད་བྱེད་པོ་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེ་ཞེས་དེ་ཉིད་ཡིན་ཞིང༌། དེ་ལས་མཆེད་པའི་བརྒྱུད་པ་ནི་མཆོག་ཉིད་ཀྱི་དངོས་སློབ་མཐར་ཕྱིན་གྱི་སློབ་མ་བཞིས་མཚོན་རིམ་པ་བཞིན་ཟུར་མཁར་བློ་གྲོས་རྒྱལ་པོ་ལ་སོགས་ཡང་སློབ་དང༌། འབྲི་གུང་ཆོས་གྲགས་སོགས་འབྲི་གུང་པའི་གདུང་བརྒྱུད་རྣམས་ཡིན་ཞིང༌། ཁོང་རྣམ་པའི་རྒྱུད་ཀྱི་དགོངས་པའི་འགྲེལ་ལུགས་དང༌། སྨན་དཔྱད་བྱ་ཐབས་སོགས་ནི་བོད་ལྷོ་རོང་ཁུལ་གྱི་ས་བབས་དང༌། གནམ་གཤིས། འཚོ་བ་སྤྱོད་སྟངས་སོགས་ཚ་ཁུལ་གྱི་ཁྱད་ཆོས་དངོས་དང་བསྟུན་ནས་སྨན་རྫས་ཁག་གི་རོ་ནུས་ཞུ་རྗེས་ངོ་བ་ངེས་ཚིག་བྱེད་ལས་རྣམས་གཏན་ལ་འབེབས་པ་དང༌། བསྟན་བཅོས་འཆད་སྤེལ། སྨན་ངོ་སྤྲོད་པ་སོགས་མདོར་ན་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྷོ་རོང་རྒྱུད་དུ་བོད་ལུགས་གསོ་རིག་བསྟན་པ་རྒྱ་ཆེར་སྤེལ་ནས་དཔལ་ལྡན་ཟུར་ལུགས་ཞེས་པའི་སྲོལ་ཆེན་དེ་ཉིད་གཏོད་པར་མཛད།
Domain ལོ་རྒྱུས།
ཟུར་ལུགས་ (2)
Part of speech མིང་ཚིག
Definition གསང་སྔགས་རྙིང་མའི་རྒྱུད་གསང་བ་སྙིང་པོའི་དགོངས་པ་འགྲེལ་ཚུལ་གྱི་ལུགས་མི་འདྲ་བ་གཉིས་ཀྱི་ཡ་གྱལ་སྟེ། ཟུར་བ་མེས་དབོན་ནས་སྒྲོལ་གཡུང་གཉིས་དང་། སྨིན་གླིང་སྐུ་མཆེད་ཀྱི་རིང་ལུགས་ལ་ཟུར་ལུགས་ཞེས་ཞུ།