61977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་ཤཱཀྱ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་ ༡༠༧༤ ལོར་ཡབ་ཟུང་ཆུང་པ་རྒྱ་བོ་དང་། ཡུམ་མངའ་མོ་གཙུག་ཏོར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པར་རྙིང་མའི་ཆོས་སྐོར་གསན། བཅུ་དགུ་ལ་ཆེ་འདོན་མཛད་པས་སྐུ་བསོད་རྒྱས་ནས་གཞན་དུ་བཞུད་པའི་སྐབས་མ་བྱུང༌། བླ་མ་མཁས་པ་དག་ཚུར་སྤྱན་དྲངས་ཤིང་སློབ་གཉེར་རྣམས་རྫོགས་པར་མཛད། ཡབ་ཀྱི་དངོས་སློབ་ཀ་བ་བཞི་སོགས་བསྟེན་མདོ་སྒྱུ་སེམས་གསུམ་དང་རྫོགས་ཆེན་སྐོར་ལུགས་སོགས་གསན། སྒྲོ་ཕུག་དགོན་པ་བཞེངས། སློབ་མང་པོ་མདོ་སྒྱུ་སེམས་གསུམ་འཆད་ཉན་གྱིས་དུས་འདས། རེ་གཅིག་པ་རབ་བྱུང་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༡༣༤ ལོར་སྐུ་གཤེགས། སློབ་མ་སྟོང་འདུས་པར་གྲགས་པ་ལས་ཐུགས་ཟིན་པའི་སློབ་མ་བཅུ་གཉིས་ཏེ། མེ་བཞི་དང༌། ནག་བཞི། སྟོན་བཞི་བཅས་ཡོད།