62021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟེམ་གྲགས་པ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༡༩༡ ལོར་ཡུལ་ཧམ་མདོའི་དེར་གོམ་དུ་ཡབ་སྦ་ཡགས་རྩེ་བོ་དང་། ཡུམ་ཇོ་བཙུན་མ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ནས་ཏིང་ངེ་འཛིན་ལ་འཇུག་པ་དང་། མི་མ་ཡིན་གྱིས་བསྐོར་བ་བྱེད་པ་ཡང་བྱུང་། བཅུ་དྲུག་པར་མཁན་པོ་རྣལ་འབྱོར་བྱང་སེམས་ལས་རབ་ཏུ་བྱུང། མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། དེ་ཉིད་ལས་འདུལ་བ་སོགས་ཆོས་སྐོར་མང་དུ་གསན། བཅུ་དགུ་པར་མཁན་པོ་རྣལ་འབྱོར་བྱང་སེམས་དང་། ལས་སློབ་ཞོགས་པ་གནས་བརྟན། གསང་སྟོན་ཟེམ་ཆེན་མོས་མཛད་དེ་བསྙེན་པར་རྫོགས། བྱ་ཡུལ་དགོན་དུ་སངས་རྒྱས་སྒོམ་པ་དང་མཇལ། གདམས་ངག་མ་ལུས་པར་གསན། སོ་དགུ་པར་སངས་རྒྱས་སྒོམ་པ་སྐུ་གཤེགས། བྱ་ཡུལ་དགོན་གྱི་གདན་སར་ཕེབས། བུ་སློབ་མང་དུ་བསྐྱངས། རེ་དྲུག་པ་རབ་བྱུང་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༢༥༦ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་འོད་གསལ་བ་ཆེན་པོ་དང་། རི་མེར་བ་ཆེན་པོ་ཡིན། བྱ་ཡུལ་དགོན་གྱི་གདན་རབས་ལྔ་པ་ཡིན།

{{#arraymap:ཟེམ་གྲགས་པ་སེང་གེ་

|; |@@@ | | }}