6210
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡབ་མང་ཡུལ་སྐྱིད་གྲོང་གྲྭ་འཇམ་གླིང་གདུང་འཛིན་སྔགས་འཆང་ཤེས་རབ་འབྱུང་གནས་ཀྱི་སྲས་དཔལ་ལྡན་ངག་དབང་ནོར་བུ་དང་། ཡུམ་དོན་གྲུབ་རྒྱལ་མོའི་སྲས་སུ་རྗེ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་གཅུང་དུ་འཁྲུངས། གཅེན་རིག་འཛིན་ཆོས་དབྱིངས་རྡོ་རྗེ་དང་། བླ་མ་མང་པོ་བསྟེན། སྔོན་འགྲོ་གཏོང་དུས་ནས་དཔག་པར་དཀའ་བའི་མཚན་མ་བཟང་པོ་བྱུང་ཞིང་། རྗེ་ལ་འཇམ་དཀར་གྱི་རྗེས་གནང་ཞུས་ནས། བསྙེན་པ་གཏོང་བར་གཞུང་ནས་བཤད་པའི་རྟགས་མཚན་ཕལ་ཆེར་སྣང་། འབའ་རའི་གདན་ས་ལོ་མང་པོ་བཞུགས་པས། སྒྲུབ་ཚུགས་བཟང་བ་དང་གང་ཅི་ནས་མཆོག་དམན་ཀུན་དད་མོས་ཆེ་ཞིང་། ཕྱིས་གདན་ས་བཀྲ་ཤིས་ཆོས་གླིང་དུ་བཞུགས་ནས་མཛད་ཕྲིན་བསྐྱངས་སོ། །གཞན་ཡང་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་གཅུང་གྲྭ་གདུང་སྲས་སྔགས་འཆང་ཟིལ་གནོན་རྡོ་རྗེ་ཞེས་བྱ་བ་ཞིག་ཀྱང་བྱུང་ཞིང། དེ་དག་གི་སྲས་རྒྱུད་དུ་བློ་གྲོས་ནོར་བུ་ཞེས་པ་བྱོན། དེའི་སྲས་བློ་བཟང་འགྱུར་མེད་རྡོ་རྗེ་དགུང་གྲགས་ཞེ་དགུ་ཙམ་བཞུགས། དེ་ལ་སྲས་རྗེ་བཙུན་བསྟན་འཛིན་ནོར་བུ་ ༡༩༡༦ ནས་ ༡༩༨༨ དང་། ཟིལ་གནོན་ ༡༩༣༡ གཉིས་བྱུང་། དེའི་སྲས་སུ་ཇོ་པདྨ་ཆོས་སྐྱབས། བྱམས་པ་དཔལ་ལྡན་སོགས་འཁྲུངས། ཁོང་རྣམ་གཉིས་དུས་འགྱུར་སྐབས་འཕགས་ཡུལ་དུ་ཕེབས་ནས། རྡ་རམ་སར་དགོན་གནས་གསར་དུ་བཞེངས་པ་དང་། སྐྱེས་མཆོག་འབའ་ར་བའི་བཀའ་འབུམ་གྱི་དཔེ་རྒྱུན་དང་ལུང་རྒྱུན་སྤེལ་བ་སོགས་ཀྱིས་བསྟན་འགྲོའི་དོན་མཛད་བཞིན་ད་ལྟར་སྐུ་འཚོ་གཞེས་སུ་བཞུགས་སོ། ། |
{{#arraymap:གཅུང་ཀུན་དགའ་བཟང་པོ་
|; |@@@ | | }}