6213
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་ཀྱི་རྣམ་ཐར་ཆེ་བརྒྱད་ཀྱི་ཡ་གྱལ་གཅུང་དོན་ཡོད་དོན་གྲུབ་གཉིས་ཀྱི་སྒྲུང་ནང་གི་མི་སྣ་གཙོ་བོ་གཉིས་ཀྱི་མིང་། སྒྲུང་དེ་ནི་སྔར་རྒྱལ་པོ་ཞིག་གི་ཆེན་མ་འདས་འོག་ཏུ་སྲས་དོན་གྲུབ་ཟེར་བ་ལུས་པ་དེ་དང༌། ཆུན་མའི་སྲས་དོན་ཡོད་ཟེར་བ་གཉིས་མཛའ་མཐུན་ཆེན་པོ་ཡོད་ཀྱང༌། ཆུན་མས་དོན་ཡོད་ལ་རྒྱལ་པོའི་གོ་འཕང་འཐོབ་ཆེད་དོན་གྲུབ་རྒྱང་འབུད་གཏོང་དུས་གཅེན་གཅུང་གཉིས་འབྲལ་མ་ཕོད་པར་མཉམ་དུ་བྲོས་ཕྱིན་པའི་ལམ་བར་དཀའ་ཚེགས་སྣ་ཚོགས་བྱུང་ནས་ཕན་ཚུན་ཁ་འཐོར། ཕྱིས་དོན་གྲུབ་རྒྱལ་ཁབ་གཞན་ཞིག་གི་རྒྱལ་པོའི་མག་པར་ཕྱིན་ནས་རྒྱལ་པོ་བྱས་པ་དང༌། རང་གིས་གཅུང་པོ་དོན་ཡོད་བཙལ་ཏེ་རྙེད་ནས་ཕ་མེས་ཀྱི་རྒྱལ་ཁབ་ལ་བསྐྱལ་བས་ཡབ་རྒྱལ་པོ་ཤིན་ཏུ་མཉེས་བཞིན་པའི་ངང་དོན་ཡོད་ཀྱང་རྒྱལ་པོར་དབང་བསྐུར་བ་སོགས་དམངས་ཁྲོད་དུ་རྣམ་ཐར་འཁྲབ་སྟོན་བྱེད་སྲོལ་ཡོད། |
{{#arraymap:གཅུང་དོན་ཡོད་དོན་གྲུབ་
|; |@@@ | | }}