From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཟྭ་ (1)
| Part of speech
|
མིང་ཚིག
|
| Definition
|
སྡོང་བུ་དང་ལོ་མའི་སྟེང་དུ་ཚེར་མ་ཕྲ་མོ་བ་སྤུ་ལྟ་བུ་ཁྱབ་པར་སྐྱེས་ཡོད་པས་རེག་ན་ལུས་ལ་ཟུག་ནས་ན་ཟུག་སྐྱེད་པའི་རྩྭ་ལྡུམ་ཞིག་གི་མིང་། དེའི་མྱུ་གུ་གཞོན་ནུ་ཚོད་མ་བྱེད་ཆོག་ལ། རྩྭ་སྨན་ཞིག་ཀྱང་ཡིན།
|
ཟྭ་ (2)
| Part of speech
|
མིང་ཚིག
|
| Definition
|
དངོས་རྫས་ཕན་ཚུན་བསྣོལ་བའི་ཁག་གི་མིང་སྟེ།
|
| Example
|
ལྭ་བའི་མཆན་གྱི་ཟྭ། དོར་མའི་འདོམས་ཀྱི་ཟྭ། ལག་པ་གཉིས་ཀྱི་མཛུབ་མོ་ཕན་ཚུན་ཟྭ་བརྒྱབ་ལྟ་བུ།
|
ཟྭ་ (3)
| Part of speech
|
མིང་ཚིག
|
| Definition
|
སྒོ་དང་སྒམ་ཁ་སོགས་དམ་པོ་བྱེད་པའི་ཡོ་བྱད་ཅིག་སྟེ།
|
| Example
|
སྒོ་ལ་ཟྭ་བརྒྱབ། སྒམ་ལ་ཟྭ་བརྒྱབ་ཅེས་པ་ལྟ་བུ། འདི་ལ་ཡུལ་སྐད་ལ་ལར་སྒོ་ལྕགས་ཀྱང་ཟེར།
|