62164
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་སྟེ་ཏེ། རྩ་བ་སྐྱ་སོབ་རྟིང་པ་རིང་ཞིང་རྩ་ཕྲན་གྱེས་པ་དང༌། སྡོང་པོ་གྲུ་བཞི་ཁ་དོག་སྨུག་ལ་འདྲོང་བར་ཚིགས་དབྱིབས་དོད་པར་ཚིགས་མཚམས་ནས་ཡག་ག་གྱེས་ཤིང༌། ལོ་མ་ལྗང་ནག་ཅུང་ཟད་མཐུག་ཅིང་རྩུབ་ཉམས་ཡོད་ལ་ཕན་ཚུན་ཁ་སྤྲོད་བྱས་ཏེ་སྐྱེ་བ་སྒོང་དབྱིབས་ཅན་རྩེ་རྣོ་བ་དང༌། མཐར་སོག་ལེའི་སོ་འདྲ་བའི་ཉག་ག་ཡོད་ཅིང་ལོ་མའི་ངར་པ་རིང་ལ་ལོ་སྡོང་ཡོངས་སུ་སྤུ་དཀར་ཐུང་ངུ་རྩུབ་པོ་ལྡན་པའི་རྩེ་ཤ་པགས་ལ་ཐུག་ན་སྦིར་བའི་ཚོར་སྣང་ཡོད་པ་དང༌། མེ་ཏོག་དཀར་ལ་དམར་མདངས་ཅུང་ཡོད་པ་དེ་སྙེ་དབྱིབས་མེ་ཏོག་བང་རིམ་ལོ་མའི་མཚམས་ནས་ཚར་ཞིང་སྐམ་ཚགས་འབྲས་བུ་ཡིན། རིགས་རྒོད་གཡུང་གཉིས་ཡོད་པས་རྒོད་པ་རི་ལ་སྐྱེ་བ་དང༌། གཡུང་བ་ཀླུང་དུ་སྐྱེ་བ་ཡིན་ཏེ། བོད་ཀྱི་ས་ཁུལ་མང་པོའི་ཟྭ་རྒོད་རི་དང་ཟྭ་གཡུང་ཀླུང་དུ་སྐྱེ་བ། ལོ་མ་བོད་ཟླ་གསུམ་པའི་ནང་དང་འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་སྣུམ་པས་རླུང་ནད་འཇོམས་པ་དང༌། ཕོ་བ་དང་ལུས་ཀྱི་དྲོད་སྐྱེད་པ། ཚད་པ་རྙིང་པ་དང༌། གྲང་བའི་ནད་སོགས་ལ་ཕན་ཞིང༌། བད་མཁྲིས་དང་ཁྲག་ནད་སློང་བར་བྱེད་དོ། ། |
Domain | གསོ་རིག |
{{#arraymap:ཟྭ་འབྲུམ་
|; |@@@ | | }}