62166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་ (1)
Part of speech མིང་ཚིག
Definition ཁོང་ནི་གཡའ་བཟང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་ཡིན། གཡའ་བཟང་བཀའ་བརྒྱུད་ནི་འགྲོ་མགོན་ཕག་མོ་གྲུ་བ་ནས་བརྒྱུད་པའི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཡིན། རྗེ་འདི་ཉིད་རབ་བྱུང་གཉིས་པའི་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་མོན་འགར་དུ་སྐུ་བལྟམས། སྐུ་ཆུང་ངུའི་དུས་ལུག་རྫི་མཛད་དེ་བཞུགས་སྐབས་རི་ཁ་ནས་ཕག་མོ་གྲུ་པའི་དགོན་གྱི་རི་མཐོང་བ་ཙམ་གྱིས་སྒོམ་རང་བྱུང་དུ་ཤར། སྒོམ་ཆེན་གཉིས་ཀྱིས་སྒོམ་གྱི་གནས་ལུགས་གླེང་བར་དེ་སྒོམ་ཡིན་ན་ངས་ཀྱང་སྒོམ་ཤེས་པར་འདུག་སྙམ་ཞིང༌། ཕག་མོ་གྲུ་པའི་དགོན་པར་བྱོན་ནས་འགྲོ་མགོན་དང་མཇལ་ཏེ་ངོ་སྤྲོད་ཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། འགྲོ་མགོན་གྱིས་མཚན་སྐལ་ལྡན་ཡེ་ཤེས་སེང་གེར་བཏགས། ཕྱིས་སུ་འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་ཡ་གྱལ་དང་། གཡའ་བཟང་ཆོས་རྗེའི་བླ་མར་གྱུར། རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༡༥༨ ལོར་ཟྭ་ར་དགོན་པ་ཕྱག་བཏབ། གཡའ་བཟང་བཀའ་བརྒྱུད་ནི་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་དང་། ཁོང་གི་སློབ་མ་གཡའ་བཟང་ཆོས་རྗེ་གཉིས་ལས་བརྒྱུད་པ་ཞིག་ཡིན། མཐར་རབ་བྱུང་བཞི་པའི་མེ་ཡོས་ཕྱི་ལོ་ ༡༢༠༧ ལོར་སྐུ་གཤེགས།

{{#arraymap:ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་

|; |@@@ | | }}