62172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་གམ་ (1)
Part of speech མིང་ཚིག
Definition ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་མིང་།

{{#arraymap:ཟླ་གམ་

|; |@@@ | | }}

ཟླ་གམ་ (2)
Part of speech མིང་ཚིག
Definition ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་བོད་ཀྱི་བཙུན་པའི་ལྭ་བ་ཕུ་མེད་ཀྱི་རིགས་ཤིག་སྟེ། རྒྱུད་སྟོད་གྲྭ་ཚང་གི་ལུགས་ལ། ཟླ་གམ་ལྟ་བུར་མཚོན་ན་པདྨ་ཧ་གོར་མེད་པ་མ་ཡིན་པ། སྐེད་པ་མ་བཅད་པ་མ་ཡིན་པ་དགོས། པདྨ་ཧ་གོར་དགོས་པ་ནི་རང་ཉིད་མ་འོངས་པ་ན་དག་ཞིང་དུ་པདྨའི་སྦུབས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་རྟེན་འབྲེལ་དང། ཟླ་གམ་གྱི་སྟོད་ཆ་ཁ་ཕྱིར་སློག་པ་དང་། ཟླ་གམ་གྱི་སྨད་ཆ་སྟོད་ལ་ཡར་འཐུད་དགོས་པ་ཡིན། དེའི་མཚོན་བྱེད་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པའི་མཇུག་དེ་མ་ཐག་ཏུ་རྒྱལ་མི་ཕམ་མགོན་པོའི་བསྟན་པ་ལ་མཐུད་ཐུབ་པའི་རྟེན་འབྲེལ། ཟླ་གམ་གྱི་ནང་མཐའ་བསྐོར་དུ་ནང་ཤ་སེར་པོ་འཁོར་ཡུག་ཏུ་གཏོང་བའི་དགོས་པ་ནི་གསེར་མདོག་ཅོད་པཎ་འཆང་བ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་ཏུ་ཁྱབ་པའི་རྟེན་འབྲེལ་ཡིན།
Example ཟླ་གམ་གྱོན་ནས་འཚོགས་ལ་ཕྱིན་ཞེས་པ་ལྟ་བུ།

{{#arraymap:ཟླ་གམ་

|; |@@@ | | }}