6218
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཞི་པའི་ལྕགས་ལུག་ཕྱི་ལོ ༡༢༡༡ ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་འཁྲུངས། གདུང་རུས་ཀྱུ་ར་ཡིན། དྲུག་པར་ཡབ་ཡུམ་དང་བཅས་འབྲི་གུང་དུ་ཕེབས། ཆོས་རྗེ་སྐྱོབ་པ་ལས་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་གྲགས་པ་ཞེས་གསོལ། ཏེ་ལོ་པའི་རྣམ་འཕྲུལ་དུ་ལུང་བསྟན། དབོན་བསོད་ནམས་གྲགས་པ་བསྟེན། བཀའ་བརྒྱུད་གོང་མའི་གདམས་ངག་ཐམས་ཅད་ཞུས། ཉེར་གཅིག་ནས་ལོ་བཅུ་གསུམ་གྱི་རིང་སྐུ་མཚམས་བཞུགས། སྒྲུབ་པ་ཉམས་ལེན་མཛད། ཀརྨ་པཀྵི་ཆོས་ཀྱི་བླ་མ་ལ་ལུང་བསྟན་གནང་བས་སེ་ཆེན་རྒྱལ་པོའི་ཁྲིམས་ལས་ཐར། ཀརྨ་པས་ཀྱང་སངས་རྒྱས་ཀུན་འདུས་འབྲི་གུང་པ། འགྲོ་བའི་དེད་དཔོན་རྡོ་རྗེ་གྲགས། ཁོང་སེང་གེ་དཀར་མོའི་སྟེང་དུ་བཅིབས། མི་ཁོ་བོའི་མདུན་གྱི་ནམ་མཁར་བྱོན་ཞེས་གསུངས། ཞེ་དྲུག་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་བཞུགས་། རྟེན་དང་བརྟེན་པ་མང་དུ་བཞེངས། ཧོར་གྱིས་འཇིགས་པ་ལས་བོད་ཁམས་སྐྱོབ་པར་མཛད། ཙ་རེ་དང་དྭགས་པོ། བྱ་ཡུལ། ཀོང་པོ། གུ་ལིང་སོགས་སུ་བྱོན། ཆོས་ཀྱི་འཁོར་ལོ་བསྐོར། བརྒྱལ་སངས་དགོན་པ་གསར་འདེབས་མཛད། བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་མཛད། རེ་དགུ་པ་རབ་བྱུང་ལྔ་པའི་ས་ཡོས་ཕྱི་ལོ ༡༢༧༩ ལོར་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཞི་པ་ཡིན། |
{{#arraymap:གཅུང་རྡོ་རྗེ་གྲགས་པ་
|; |@@@ | | }}