62191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་ནག་ (1)
Part of speech མིང་ཚིག
Definition ལོ་གཅིག་གི་ཟླ་བ་བཅུ་གཉིས་ལས་ནག་པོ་ངན་པའི་ཟླ་བ་སྟེ། དེ་གང་ཡིན་ཐད་ལུགས་མང་ཡང་རྣམ་དག་ཕུག་པ་གོང་མའི་ལུགས་ལྟར་ན་གནམ་ལོའི་ཡར་དང་མར་གྱི་བཞི་གཤེད་ཀྱི་ཟླ་བ་གཉིས་ཡིན་པས། གནམ་ལོ་བྱི་རྟ་ལོའི་ཟླ་ནག་ནི་བྱ་ཡོས་གཉིས་དང་། བྱ་ཡོས་ལོའི་ཟླ་ནག་གི་བྱི་རྟ་གཉིས། གནམ་ལོ་གླང་ལུག་ལོའི་ཟླ་ནག་ནི་ཁྱི་འབྲུག་གཉིས་དང་། ཁྱི་འབྲུག་ལོའི་ཟླ་ནག་ནི་གླང་ལུག་གཉིས། གནམ་ལོ་སྟག་སྤྲེལ་ལོའི་ཟླ་ནག་ནི་སྦྲུལ་ཕག་གཉིས་དང་། སྦྲུལ་ཕག་ལོའི་ཟླ་ནག་ནི་སྟག་སྤྲེལ་གཉིས་བཅས་ཡིན། སྤྱིར་ལོ་རེའི་ཟླ་ནག་ཧྲིལ་བོའམ་བྱེ་བྲག་ཏུ་ར་བཞིའི་སྟོད་དེ་ཚེས་གཅིག་ནས་བཅུའི་བར་དང་། འབྲིང་བཞིའི་སྒང་སྟེ་ཚེས་བཅུ་གཅིག་ནས་ཉི་ཤུའི་བར། ཐ་བཞིའི་སྨད་དེ་ཚེས་ཉེར་གཅིག་ནས་གནམ་སྟོང་བར་གསོན་གཤིན་བྱ་བ་ཐམས་ཅད་བགྱིད་པར་ངན་ཞིང་། ཁྱད་པར་དུ་ཤིད་མཁར་དགེ་བའི་ལས་དང་། ཚོང་དུར་ས་ལས། ནོར་ཕྱིར་གཏོང་བ། བག་སྟོན་བཤམས་པ། རབ་ཏུ་བྱུང་བ། ཆེ་འདོན་བྱེད་པ་སོགས་ལ་ངན་པས་འཛེམ་དགོས། མཐུ་གཏད་མནན་བསྲེག་དང་། དགྲ་ལིང་འདྲི་བ། དྲག་ལས་དབྱེ་སེལ། སྦྱོར་བཤིག་བཅས་བྱེད་པར་བཟང་བས་ལག་ལེན་དུ་བསྟར་ན་ལས་གོ་ཆོད་པར་བཤད། བཅོས་ཐགས་ནི་མར་གྱི་ཟླ་བ་གསུམ་སྦྲ་ཁྱིམ་མམ་ཁང་བའི་གོང་ཆུར་བཞག བདེན་པ་བདར་ཞིང་ཟླ་ནག་མ་ཡིན་ཟླ་དཀར་ཡིན། ལས་དང་བྱ་བ་ཤིས་པར་ཤོག་ཅེས་བརྗོད་དགོས་ལ། ཟན་གྱི་ཟླ་ནག་གསུམ་མི་ཁའི་རྫས་བཅས་ལམ་མདོར་བསྐྱལ་ཏེ་ཟླ་ནག་ལོག་པར་བལྟ་བ་དང་། མི་མཐུན་པའི་ཕྱོགས་དང་རིགས་སུ་གཏོགས་པའི་ངན་དགུའི་ཚོགས་བསྟན་གནོད་དགྲ་བགེགས་སྟེང་དུ་བསྒྱུར་ཞེས་འོད་ཟེར་ཅན་མ་སྒྲོག་དགོས། ཁྱད་པར་དུ་སྤང་དགོས་པའི་ཟླ་ནག་གི་ཞག་དུས་ནི་སྟག་ལོའི་ཟླ་ནག་དབྱར་དགུན་ར་བའི་ཚེས་བརྒྱད་ཀྱི་ཐོ་རངས་ཤིད་བྱས་ན་རོ་བདག་ཤི་ཁ་བྱེས་བས་འཛེམ་དགོས། ཡོས་ལོའི་ཟླ་ནག་དབྱར་དགུན་འབྲིང་པོའི་ཚེས་བཅོ་བརྒྱད་ཀྱི་ཉི་མྱུར་ལ་ཤིད་བྱས་ན་འཕུང་། འབྲུག་ལོའི་ཟླ་ནག་དབྱར་དགུན་ཐ་ཆུང་གི་ཉ་ལ་ཤིད་ཀྱི་བྱ་བར་འཛེམ། སྦྲུལ་ལོའི་ཟླ་ནག་སྟོན་དཔྱིད་ར་བའི་གནམ་གང་ལ་ཤིད་ངན། རྟ་ལོའི་ཟླ་ནག་སྟོན་དཔྱིད་འབྲིང་པོའི་ཉ་ལ་མཁར་ལས་རྩིས་མཁན་དགེ་བཤེས་དང་། ཁྱིམ་བདག་ལ་ངན། ལུག་ལོའི་ཟླ་ནག་སྟོན་དཔྱིད་ཐ་ཆུང་གི་ཚེས་ཉེར་གཉིས་ཉིན་གྱི་བྱ་ཉལ་གྱི་དུས་སུ་ཚོང་བྱས་ན་ནོར་ལ་གོད་ཁ་འོང་། སྤྲེལ་ལོའི་ཟླ་ནག་དབྱར་དགུན་ར་བའི་ཚེས་བརྒྱད་ཀྱི་ཐོ་རངས་དུས་སུ་དུར་བཏབ་ན་མི་ཚང་འཕུང་། བྱ་ལོའི་ཟླ་ནག་དབྱར་དགུན་འབྲིང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་ཉི་མྱུར་གྱི་དུས་སུ་དགེ་ལས་ལ་ངན། ཁྱི་ལོའི་ཟླ་ནག་དབྱར་དགུན་ཐ་ཆུང་གི་ཚེས་བརྒྱད་ལ་ས་རྡོ་འདམ་ལས་ལ་ངན། ཕག་ལའི་ཟླ་ནག་སྟོན་དཔྱིད་ར་བའི་གནམ་གང་ལ་ཤིད་དང་རོ་འདོན་ལ་ངན། བྱི་ལོའི་ཟླ་ནག་སྟོན་དཔྱིད་འབྲིང་པོའི་དཔྱིད་ཐ་ཆུང་གི་ཉེར་གཉིས་ཉིན་ནོར་ཕྱིར་མི་གཏོང་། བཏང་ན་གཡང་ཉམས་དབུལ་པོར་འགྲོ་བར་བཤད།
Domain རྩིས་རིག

{{#arraymap:ཟླ་ནག་

|; |@@@ | | }}

ཟླ་ནག་ (2)
Part of speech མིང་ཚིག
Definition གནམ་ལོའི་བཞི་གཤེད་དུ་གྱུར་པའི་ཟླ་བ་ལ་ཟླ་ནག་ཅེས་བྱ་ལ་དེ་ཡང་ར་བ་བཞིའི་སྟོད་ནག་འབྲིང་བཞིའི་སྒང་ནག་ཐ་ཆུང་བཞིའི་སྨད་ནག་ཅེས་བརྗོད་དེ། དཔེར་ན་བྱི་བའི་གནམ་ལོ་ཤར་ཚེ། ཡོས་ཟླ་དང་བྱ་ཟླ་གཉིས་ལ་ཟླ་ནག་ཅེས་བརྗོད་ཅིང་ཁྱད་པར་སྒང་ནག་ཅེས་བརྗོད་པ་བཞིན་ནོ། །

{{#arraymap:ཟླ་ནག་

|; |@@@ | | }}